ཐེངས་དང་པོའི་རང་མོས་སློབ་གསེང་གི་རྩོམ་ཡིག་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ཨ་འཁོར། ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-03-29 08:47:00 ཀློག་གྲངས།:


  ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་དཔྱད་འདེམས་པ་དང་
བྱ་དགའ་ཐོབ་པའི་སློབ་གྲོགས་ལྷན་རྒྱས།

            མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི2009ལོའི་གྲངས་རིག་འཛིན་གྲྭའི་སློབ་གྲོགས་ཀརྨ་འོད་ཟེར་དང་རྡོ་རྗེ་བཀྲ་ཤིས་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་རྒན་མཚོ་སྐྱེས་ལགས་ལ་བློ་དྲིས་ཏེ་ཐེངས་དང་པོའི་རང་མོས་སློབ་གསེང་གི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་ཞིང་།བྱ་དགའ་གནང་བའི་ཚོགས་འདུ་དེ་ཤར་གླིང་གི་སློབ་ཁང202ནས་འཚོགས།
            ཚོགས་འདུ་འདིར་སློབ་གྲོགས་སྒྲོལ་མ་སྐྱབས་ལགས་ཀྱིས་མདོ་འཛིན་མཛད་དེ་ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་སློབ་གྲོགས་རྣམ་འབྲུག་རྒྱལ་དང་།ཨང་གཉིས་པ་ཐོབ་མཁན་གྱི་སློབ་གྲོགས་རྡོ་རྗེ་ཚེ་བརྟན་སོགས་དང་།ཨང་གསུམ་པ་ཐོབ་མཁན་གྱི་སློབ་གྲོགས་བཀྲ་ཤིས་དོན་འགྲུབ་སོགས་རེ་རེ་བཞིན་ཁྱབ་བསྒྲགས་གནང་བ་དང་།དེ་ནས་རྒན་མཚོ་སྐྱེས་དང་།རྣམ་རྒྱལ་འཚོ།བསོད་ནམས་རྒྱལ་བཅས་ཀྱིས་བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་རྣམས་ལ་བྱ་དགའི་རྟགས་མ་གནང་བ་མ་ཟད།ཐེངས་འདིའི་གཙོ་སྒྲུབ་མཁན་གྱི་སློབ་གྲོགས་རྣམ་གཉིས་ཀྱི་སྙིང་སྟོབས་དང་སྤོབས་པ་ལ་བསྔགས་བརྗོད་གནང་།
            སློབ་གྲོགས་ཁོང་གཉིས་ཀྱིས་བཤད་རྒྱུར།ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ང་ཚོའི་སློབ་གླིང་ལྟ་བུར་མཚོན་ན་རིག་རྩལ་བྱ་འགུལ་མང་པོ་ཡོད་མོད།ཤེས་བྱའི་འགྲན་སྡུར་སོགས་ཀྱི་བྱ་འགུལ་དཀོན་པས།རྩོམ་ཡིག་ལ་མོས་པའི་སློབ་གྲོགས་ཚོར་འགྲན་རྩོད་ཀྱི་ཁོར་ཡུག་ཅིག་བསྐྲུན་འདོད་པ་དེ་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།