བོད་ལྗོངས་སློབ་གླིང་གཉིས་ཀྱིས་ལུས་རྩལ་སློབ་གསོ་སྐོར་གྱི་འཇོན་མི་སྐྱེད་སྲིང་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-03-31 11:49:00 ཀློག་གྲངས།:

             ཟླ3པའི་ཚེས29ཉིན་གྱི་ཕྱི་དྲོར། བོད་ལྗོངས་མི་རིགས་སློབ་གླིང་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭས﹙བསྡུས་མིང་ལ་ལྗོངས་ལུས་རྩལ་སློབ་གྲྭ﹚མཉམ་ལས་སློབ་གཉེར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། “3+2”ཡི་བྱེད་ཐབས་བཀོལ་ནས་མཉམ་འབྲེལ་གྱིས་ལུས་རྩལ་སློབ་གསོའི་སྐོར་གྱི་འཇོན་མི་སྐྱེད་སྲིང་བྱ་རྒྱུ་ཡིན་ཞིང་། བོད་ལྗོངས་མི་རིགས་སློབ་གླིང་གི་ཏང་ཨུའི་རྒྱུན་ཨུའམ་སློབ་གཙོ་གཞོན་པ་ཆའོ་ཀེན་སུའོ་དང་ལྗོངས་ལུས་རྩལ་སློབ་གྲྭའི་སློབ་གཙོ་ལིའུ་ཅན་ཧྭ་གཉིས་ཀྱིས་མཉམ་དུ་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་རེད།
            ད་ཐེངས་ཀྱི་མཉམ་ལས་སློབ་གཉེར་ནི་བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོས་《རྒྱལ་ཁབ་ཀྱི་དུས་ཡུན་རིང་ཐུང་གི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད﹙2010ལོ་ནས2020﹚》ཀྱི་དགོངས་དོན་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་ལུས་རྩལ་འཇོན་མི་སྐྱེད་སྲིང་བྱེད་པའི་ཕྱོགས་ནས་འཚོལ་ཞིབ་དང་གསར་གཏོད་བྱེད་པར་ཕན་ཐོགས་ཡོད་པ་ཞིག་ཀྱང་ཡིན་པས། ལྗོངས་ཡོངས་ཀྱི་ལུས་རྩལ་སློབ་གསོའི་ཆུ་ཚད་དང་ལུས་རྩལ་འགྲན་པའི་ཆུ་ཚད་སྒོ་ཀུན་ནས་ཇེ་མཐོར་གཏོང་བར་རྨང་གཞི་བརྟན་པོ་ཞིག་འདིང་པར་ངེས།
            བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུའུ་ཆིང་དང་། བོད་ལྗོངས་མི་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། སློབ་གཙོ་གཞོན་པ་བཀྲ་ཤིས་ཚེ་རིང་། སློབ་དོན་ཁྲུའུ། སློབ་བསྡུ་དང་ལས་ཞུགས་ལས་དོན་ཁྲུའུ། ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཁྲུའུ། ལུས་རྩལ་སློབ་གླིང་གི་འགན་འཁུར་བ་བཅས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།