བྲག་དཀར་རྫོང་གི་བོད་ཡིག་དགེ་རྒན་གྱིས་མང་རྫོང་མི་རིགས་སློབ་འབྲིང་དུ་གཟིགས་མོལ་བྱས་པ།
སློབ་གྲྭ་གཉིས་ཀྱི་བོད་ཡིག་དགེ་རྒན་རྣམས་ལྷན་གཅིག་ཏུ་འཚོགས་པ།
ཟླ་༤པའི་ཚེས་༨ཉིན། བྲག་དཀར་རྫོང་གི་བོད་ཡིག་དགེ་རྒན་སུམ་ཅུ་ལྷག་མང་རྫོང་མི་རིགས་སློབ་འབྲིང་དུ་སླེབས་ནས་སློབ་ཁྲིད་གཟིགས་ཞིབ་དང་ཉམས་མྱོང་བརྗེ་རེས་བྱས་ཡོད་པ་རེད།
མང་རྫོང་མི་རིགས་སློབ་འབྲིང་གི་རྒན་འབྲུག་གོ་ཚེ་རིང་གིས་སློབ་ཁྲིད་བྱེད་བཞིན་པའི་ཚུལ།
བྲག་དཀར་རྫོང་གི་བོད་ཡིག་དགེ་རྒན་རྣམས་ཀྱིས་སློབ་མ་དང་མཉམ་དུ་སློབ་ཁྲིད་ལ་ཟུར་ཉན་བྱེད་བཞིན་པའི་ཚུལ།
བོད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་དང་ལེགས་ཆར་སློབ་སྦྱོང་། སློབ་ཁྲིད་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་ཀྱི་བསམ་འཆར་བརྗེ་རེས་བྱེད་པ་དམིགས་སུ་བཟུང་ནས། བྲག་དཀར་རྫོང་གིས་རྫོང་དེའི་བོད་ཡིག་དགེ་རྒན་སུམ་ཅུ་ལྷག་རྩ་འཛུགས་བྱས་ཏེ་མང་རྫོང་མི་རིགས་སློབ་འབྲིང་དུ་གཟིགས་མོལ་དུ་སླེབས་པ་ཡོད་པ་རེད། གཟིགས་མོལ་ཚོགས་པས་ཉིན་གཉིས་ཀྱི་རིང་ལ་བོད་ཡིག་གི་སློབ་ཐུན་གསུམ་ལ་ཟུར་ཉན་བྱས་པ་དང་། ཡང་མང་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་རྣམས་དང་ལྷན་དུ་འཚོགས་ནས་སློབ་ཁྲིད་བྱེད་སྟངས་ཀྱི་ཉམས་མྱོང་བརྗེ་རེས་དང་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།
བྲག་དཀར་རྫོང་གི་རྒན་ཡི་དམ་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་གཟིགས་མོལ་དམིགས་ཡུལ་བཤད་བཞིན་པའི་ཚུལ།
མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་རྟ་རྡོ་ལགས་ཀྱིས་གཟིགས་མོལ་ཚོགས་པར་དགའ་བསུ་བྱས་པ་དང་ཆབས་ཅིག་སློབ་གྲྭ་དེའི་གནས་ཚུལ་ངོ་སྤྲོད་བྱས་པ།
མང་རྫོང་མི་རིགས་སློབ་འབྲིང་སློབ་སྟོན་སྡེ་ཁག་གི་ཀྲུའུ་རིན་སྙིང་རྒྱལ་ལྷ་ལགས་ཀྱིས་སློབ་གྲྭ་དེའི་སློབ་ཁྲིད་བྱེད་ཐབས་སོགས་ངོ་སྤྲོད་བྱེད་བཞིན་པ།
བྲག་དཀར་རྫོང་གི་རྒན་སྐྱ་བྷ་ལགས་ཀྱིས་བོད་ཡིག་བསླབ་དེབ་གསར་བར་བཏོན་པའི་ལྟ་ཚུལ་དང་སློབ་གྲྭ་སོ་སོར་རང་སྒྲིག་སློབ་དེབ་མཁོ་གལ་ཆེ་ཚུལ་བཤད་བཞིན་པ།
མང་རྫོང་མི་རིགས་སློབ་འབྲིང་གི་རྒན་སྡུད་མ་ལགས་ཀྱིས་བསླབ་གཞི་གསར་བར་རང་གི་འདོད་ཚུལ་དང་བཅོས་བསྒྱུར་བྱེད་དགོས་ལུགས་བཤད་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com