བོད་རིགས་ཀྱི་རྟ་རྩལ་པ་སྤེན་པ་ཚེ་རིང་གི་རྟ་ཐོག་གི་ཕུགས་རེ།
གཅེས་པའི་རྟ་ཕོ“མོང་དན་ཐོའི”མིག་ནང་དུ་གསལ་བའི་རྟ་རྩལ་པ་སྤེན་པ་ཚེ་རིང་།
ཟླ4ཚེས11ཉིན་གནས་ཚུལ་འབྱོར་གསལ། པེ་ཅིང་གྲོང་ཁྱེེར་གྲའོ་ཡང་ཁུལ་ཤི་ཨུ་ཤང་གྲོང་དུ་རྟ་རྩལ་སྤྲོ་རྩལ་ཁང་ཞིག་ཡོད་པ་དང་། དེ་གེ་རྟ་ཐོག་ནས་ཕུགས་རེ་འཚོལ་བཞིན་པའི་གཞོན་ནུ་ཞིག་ཡོད་དེ། ཁོང་ནི་བོད་རང་སྐྱོང་ལྗོངས་རྟ་རྩལ་རུ་ཁག་གི་རུ་མི་སྤེན་པ་ཚེ་རིང་ཡིན།
སྤེན་པ་ཚེ་རིང་གིས་རྟ་རྩལ་སྦྱོང་བཞིན་པ།
སྦྱོང་བརྡར་མཇུག་སྒྲིལ་རྗེས། སྤེན་པ་ཚེ་རིང་གིས་རྟ་ཕོ“མོང་དན་ཐོ”འཁྲིད་དེ་རྟ་རར་ལོག་བཞིན་པ།
2003ལོར། ལོ15ལ་སོན་པའི་སྤེན་པ་ཚེ་རིང་པེ་ཅིང་ལ་སླེབས་པ་དང་། ཁོ་བས་རང་ཉིད་ཀྱི་ཕུགས་བསམ་མངོན་པར་བྱེད་འགོ་ཚུགས། དུས་ཡུན8ཙམ་ནང་སྤེན་པ་ཚེ་རིང་གིས་གཙོ་བོ་རྒྱུགས་རའི་བཀག་ཤིང་འགྲོལ་བའི་རྟ་རྩལ་སྦྱོང་བརྡར་བྱས་པ་དང་། གྲུབ་འབྲས་ཀྱང་མི་དམན་པ་ཐོབ། 2004ལོར། རྒྱལ་ཡོངས་རྟ་རྩལ་གྱི་མྱུར་ཚད་འགྲན་པའི་ལེགས་སྐྱེས་བུམ་པའི་འགྲན་བསྡུར་ཁྲོད་ཨང་བདུན་པ་ཐོབ། 2006ལོར། རྒྱལ་ཡོངས་རྟ་རྩལ་གྱི་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ཁྲོད་ཚོགས་པའི་ཨང་གསུམ་པ་ཐོབ། 2008ལོར། རྒྱལ་ཁབ་ཀྱི་རུ་ཁག་ཁྲོད་འཚུད་པ་རེད།
རྟ་རྩལ་པ་སྤེན་པ་ཚེ་རིང་དང་གཅེས་པའི་རྟ་ཕོ“མོང་དན་ཐོ”།
རྟ་རྩལ་པ་སྤེན་པ་ཚེ་རིང་གིས་རྟ་ཕོ“མོང་དན་ཐོའི་”རྨིག་པ་འབྱིད་བཞིན་པ།
སྤེན་པ་ཚེ་རིང་གིས“མ་གཞི་ཕ་ཡུལ་ས་ཐག་རིང་ཀྱང་འདི་གར་གྲོགས་པོ་མང་པོ་ཡོད་ལ། རང་ཉིད་ཀྱི་གཅེས་པའི་རྟ་ཕོ‘མོང་དན་ཐོ’ཡང་ཡོད་པས། གྲོགས་མེད་ཁེར་རྐྱང་དུ་ལུས་པའི་སེམས་གདུང་མི་འདུག་ཅིང་། པེ་ཅིང་དུ་རྒྱལ་ཡོངས་ཀྱི་རྟ་རྩལ་པ་མང་པོ་ཞིག་དང་སྤེལ་རེས་སྤེལ་སྦྱོང་བྱེད་ཐུབ་པས་རང་ཉིད་ལ་ཕན་པ་ཆེན་པོ་ཐོབ་བྱུང ”ཞེས་བཤད།
སྤེན་པ་ཚེ་རིང་གིས་གསར་འགོད་པར“རང་ཉིད་ཀྱིས་རྒྱལ་ནང་གི་ཕུལ་བྱུང་རྟ་རྩལ་པ་ཞིག་ཏུ་འབད་བརྩོན་ལྷོད་མེད་བྱས་ཏེ་ཀྲུང་གོའི་དེང་རབས་རྟ་རྩལ་དེ་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཐུབ་རྒྱུར་ལེགས་སྐྱེས་འབུལ་ཐུབ་རྒྱུར་རེ་བ་བཅིངས་ཡོད”ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com