ཁྲི་ཀ་མི་རིགས་སློབ་གྲྭས་དབྱིན་ཡིག་གི་བཞད་གར་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-14 08:47:00 ཀློག་གྲངས།:


སྲས་མོ་ལགས། ང་ལ་སྦྱིན་པ་ཞིག་ཐོངས།

            ཁྲི་ཀ་མི་རིགས་སློབ་གྲྭའི་སློབ་མའི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་དབྱིན་ཡིག་སློབ་པའི་འདུན་པ་ཇེ་བརྟན།  སློབ་མའི་དབྱིན་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་ཐད་དུ་སློབ་མ་རང་ཉིད་ནས་ནུས་པ་སྔོག་འདོན་ཐད་ཀྱི་སྟེགས་བུ་ཞིག་གམ་གོ་སྐབས་ཤིག་མཁོ་སྤྲོད་བྱས་ཏེ།  2011ལོའི་ཟླ4བའི་ཚེས10ཉིན་སློབ་གྲྭའི་སྐས་རིམ་ཐོག་ཁང་དུ་ལོ་རིམ་བདུན་པའི་ཚན་སྐོར་གྱིས་སྒྲུབ་པའི་དབྱིན་ཡིག་བཞད་གར་འགྲན་བསྡུར་གྱི་བྱ་འགུལ་སྤེལ།


ཨ་ཁུ་ཉེན་རྟོག་པ། དེ་ངོ་མ་དྲང་བདེན་རེད་དམ།

            བྱ་འགུལ་གྱི་མགོ་མཇུག་བར་གསུམ་དུ་ལོ་རིམ་བདུན་པའི་དབྱིན་ཡིག་དགེ་རྒན་ཀུན་བཟང་སྒྲོལ་མས་མདོ་འཛིན་མཛད་ཅིང་།  བྱ་འགུལ་མགོ་བརྩམས་མ་ཐག ཁོ་མོས་བྱ་འགུལ་འདིར་ཞུགས་པའི་སྐུ་མགྲོན་དང་སྐར་འགོད་པ། སློབ་མ་ཡོངས་ལ་ཐེངས་འདིའི་འགྲན་བསྡུར་གྱི་གོ་རིམ་དང་སྒྲིག་སྲོལ་ཉུང་བསྡུས་སྒོས་མཚམས་སྦྱོར་བྱས་ཤིང་། ལོ་རིམ་བདུན་པའི་ཚན་གཙོ་རྒན་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་འདི་ལྟ་བུའི་བྱ་འགུལ་ཞིག་སྤེལ་བའི་དམིགས་ཡུལ་དང་དོན་སྙིང་གསལ་བཤད་བྱེད་ཞོར་ཞང་སྟོན་བསྟན་པ་རྒྱ་མཚོའི་གསུངས་པའི་སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་པའི་ལུང་བརྗོད་བྱ་བྱས་ཏེ་རང་གི་སྐད་དང་ཡི་གེ་གཙང་མ་ཞིག་ཤེས་པའི་རྨང་གཞིའི་སྟེང་ཡིག་རིགས་དུ་མ་སྦྱང་དགོས་པའི་རེ་བ་ནན་མོ་བཏོན་ཞིང་བྱ་འགུལ་འདིས་སློབ་མ་རྣམས་ཀྱིས་དབྱིན་ཡིག་ལེགས་པོ་ཞིག་སྦྱོང་བར་སྐུལ་སློང་ཡང་ཡང་བྱས་པ་རེད།


ཚོགས་རའི་ཟུར་ངོས་ཤིག

            འགྲན་བསྡུར་གྱི་གོ་རིམ་ཁྲོད། འགྲན་ཞུགས་པ་རྣམ་པས་རང་རང་གི་ཐུན་མིན་གྱི་ཁྱད་ཆོས་དང་ལྷན་སྐྱེས་ཀྱི་གསར་གཏོད་འོག་ནས་བྱང་ཆ་ལྡན་ཞིང་ལྷོད་ཤ་མངའ་བའི་དབྱིན་ཡིག་གི་ཁ་བརྡ་དང་བསྡོངས་ནས་ཉམས་འགྱུར་དོད་ཅིང་གད་མོ་སློང་བའི་འཁྲབ་སྟོན་རེ་རེ་ཡིས་ཚོགས་རར་ཞུགས་པའི་དགེ་སློབ་ཡོངས་ཀྱི་ཐལ་མོའི་རྡེབ་སྒྲ་ཡུན་རིང་དུ་མ་ཞི་བ་རེད།


རྟགས་མ་ཐོབ་མཁན་གྱི་སློབ་གྲོགས་རྣམས།

            ཐེངས་འདིའི་བྱ་འགུལ་ཁྲོད། ལོ་རིམ་བདུན་པའི་འཛིན་གྲྭ་བདུན་པས་ཨང་དང་པོའི་བྱ་དགའ་བླངས་པ་དང་། ལོ་རིམ་བདུན་པའི་འཛིན་གྲྭ་གཉིས་པས་བྱ་དགའ་ཨང་གཉིས་པ་བླངས་པ། ཨང་གསུམ་པའི་བྱ་དགའ་ཡིན་རྒྱུ་ན་ལོ་རིམ་བདུན་པའི་འཛིན་གྲྭ་དྲུག་པར་ཐོབ་པ་མ་ཟད། སློབ་གྲོགས་ཀུན་བཟང་སྒྲོལ་མ་དང་ལྷུན་གྲུབ་བྱམས། ཀུན་བཟང་འཚོ་བཅས་ལ་འབུར་ཐོན་ཅན་གྱི་མི་སྒེར་གྱི་དགའ་རྟགས་གནང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།