བོད་ལྗོངས་མི་རིགས་སློབ་གླིང་ལ་རིག་ཚན་རིམ་པ་དང་པོའི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཐོབ་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-04-14 08:56:00 ཀློག་གྲངས།:

          ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོན་གནས་ཨུ་ལྷན་གྱིས《2010ལོར་ཞིབ་བཤེར་དང་ཁ་སྣོན་བྱས་པའི་རབ་འབྱམས་པ་དང་འབུམ་རམས་པའི་ཡོན་གནས་ལ་རིམ་པ་དང་པོའི་རིག་ཚན་སྤྲོད་དབང་ཐོབ་པའི་མིང་ཐོ་གཤམ་བསྒྲགས་བྱེད་པའི་སྐོར་གྱི་བརྡ་སྦྱོར》﹙ཡོན་གནས[2011]8﹚གཤམ་སྤྲོད་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས༢༨པའི་སྟེང་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་དེ། བོད་ལྗོངས་མི་རིགས་སློབ་གླིང་ལ་ཀྲུང་གོའི་སྐད་ཡིག་རྩོམ་རིག་དང་། མི་རིགས་རིག་པ། རྨང་གཞིའི་གསོ་རིག་བཅས་རབ་འབྱམས་པའི་ཡོན་གནས་གསུམ་ལ་རིག་ཚན་རིམ་པ་དང་པོ་སྤྲོད་དབང་ཐོབ་པ་རེད། 
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་ཆེད་ལས་མཁས་པའམ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་སྟོན་དགེ་རྒན། ཞིབ་འཇུག་སློབ་མའི་སྡེ་ཚན་གྱི་འགོ་གཙོ།  དགེ་རྒན་ཆེན་མོ་ཁྲི་ཝན་ཞིན་གྱིས་འདི་སྐད། ཀྲུང་གོའི་སྐད་ཡིག་རྩོམ་རིག་དང་། མི་རིགས་རིག་པ། རྨང་གཞིའི་གསོ་རིག་སོགས་རིག་ཚན་རིམ་པ་དང་པོ་སྤྲོད་དབང་ཐོབ་པའི་ཡོན་གནས་གསུམ་ནི་བོད་ལྗོངས་མི་རིགས་སློབ་གླིང་གི་རིག་ཚན་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་རྡོ་རིང་གལ་ཆེན་ཞིག་ཡིན་ལ། སློབ་གྲྭ་དེར་རིག་ཚན་རིམ་པ་དང་པོ་གནང་བའི་དབང་ཆ་མེད་པའི་སྟོང་ཆ་བསྐངས་པ་རེད། 
          ཀྲུང་གོའི་སྐད་ཡིག་རྩོམ་རིག་སོགས་རབ་འབྱམས་པའི་ཡོན་གནས་གསུམ་ལ་རིག་ཚན་རིམ་པ་དང་པོ་གནང་རྗེས། བོད་ལྗོངས་མི་རིགས་སློབ་གླིང་གིས་རིམ་པ་གཉིས་པའི་སློབ་གླིང་ཁག་གི་རིག་ཚན་གྱི་དགེ་མཚན་དང་ཁྱད་ཆོས་ལ་གཞིགས་ནས་ལྗོངས་ཕྱི་ནང་གི་སྤྱི་ཚོགས་འཕེལ་རྒྱས་ཐད་འཇོན་མི་དགོས་མཁོ་ཆེ་བའི་གནས་ཚུལ་དངོས་ལ་སྦྱར་ཏེ།   སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས་བཏོན་པའི《འབུམ་རམས་པ་དང་། རབ་འབྱམས་པའི་ཡོན་གནས་སྤྲོད་པ་དང་། ཞིབ་འཇུག་སློབ་མས་རིག་ཚན་རིམ་པ་གཉིས་པ་སྐྱེད་སྲིང་བྱེད་པའི་རང་བདག་ཇུས་སྒྲིག་ལག་བསྟར་བྱེད་པའི་སྒྲིག་སྲོལ་ཞིབ་ཕྲ》ཞེས་པའི་ཡིག་ཆའི་དགོངས་དོན་ལྟར། རིག་ཚན་གཉིས་པའི་རང་བདག་གི་ཇུས་སྒྲིག་ལས་ཀ་རིམ་པ་བཞིན་དུ་ལག་བསྟར་ནན་ཏན་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།