མི་རིགས་དཔེ་མཛོད་ཁང་གིས་བོད་ཡིག་དཔེ་རྙིང་བསྡུ་བཞིན་ཡོད་པ།

རྩོམ་པ་པོ།:བྱམས་པ། ཡོང་ཁུངས།:མཚོ་སྔོན་བོད་རིགས་དྲ་བ། དུས་ཚོད།:2011-04-15 09:34:00 ཀློག་གྲངས།:

              ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་ད་ལྟའི་བར་བོད་ཡིག་དཔེ་རྙིང་པོ་ཏི་སྟོང་ཕྲག་བདུན་ལྷག་བསྡུ་ཉར་བྱས་པ་དང་། སྔ་ཕྱིར་དུང་དཀར་བློ་བཟང་འཕྲིན་ལས། ཧུང་རྨིན་ཞིན། ཚེ་ཏན་ཞབས་དྲུང་། མི་ཉག་མགོན་པོ་སོགས་མཁས་པ་མང་པོས་ལེགས་བསྒྲིགས་དཀར་ཆག་ཆ་ཚང་བསྒྲིགས་ནས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་དང་སློབ་མ་རྣམས་ལ་རིན་མེད་དུ་གཟིགས་མོལ་འབུལ་བཞིན་ཡོད། 《དཀར་ཆག་ཤེས་བྱའི་གཏེར་མཛོད》དེབ་གསུམ་པར་དུ་བཏབ་ནས་བཀྲམ་ཟིན། 
              ཉེ་བའི་ལོ་འགའི་རིང་ཐད་དུ་དཔེ་མཛོད་ཁང་འདི་གར་ཉར་ཚགས་བྱས་པའི་བོད་ཡིག་དཔེ་རྙིང་ལས་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པའི་པོ་ཏི་སྟོང་ལྔ་ལྷག་བསྐུམས་པར་སྦྱིན་ཤོག་དང་གློག་རྡུལ་པར་རིས་ཡིག་ཆར་བཟོས་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་བལྟ་རྒྱུར་ཇེ་བདེར་བཏང་ཡོད། གཞན་རྒྱལ་ནང་དུ་པར་སྐྲུན་གནང་བའི་བོད་ཡིག་དཔེ་ཆ་དང་དུས་དེབ་ཀྱང་མ་ཆད་པར་ཉར་མཛོད་གནང་ཡོད།
              དཔེ་མཛོད་ཁང་འདིས་སྤྲོ་སེམས་འཁོལ་བའི་ངང་ནས་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམ་པར་དཔེ་ཆ་འཚོལ་ཀློག་གི་ཞབས་ཞུ་དང་མུ་མཐུད་ནས་བོད་ཀྱི་ཤེས་རིག་ཞིབ་འཇུག་པ་དང་ཀློག་པ་པོ་རྣམ་པས་རྒྱབ་སྐྱོར་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་པ་རེད།

ཞར་བྱུང་།  ཉེ་ཆར་དཔེ་མཛོད་ཁང་གིས་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་རྒྱུ་ཆ་འཚོལ་བསྡུ་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་འདོད་བློ་བསྐོང་ཆེད་གཤམ་གསལ་གྱི་ལས་གཞི་ལ་རྒྱབ་སྐྱོར་ཡོང་བའི་བརྡ་སྦྱོར་འདི་བཏང་བ་ཡིན།
1.ནང་དོན་གྱི་ཆ་ནས་ཚད་བཀག་ཅི་ཡང་མེད་པར། དམངས་ཁྲོད་དུ་པར་འདེབས་གནང་བའི་བོད་ཡིག་གི་དཔེ་ཆ། སྣ་གྲངས་ཅི་ལྟར་མང་ན་དེ་ལྟར་ལེགས། མིག་སྔར་མ་དངུལ་གྱི་རྐྱེན་པས་ཚར་གྲངས་གཉིས་རེ་ལས་བླུ་ཉོ་བྱེད་རྩིས་མེད། གལ་ཏེ་ནང་དོན་སོགས་གང་ཐད་ནས་གལ་ཆེན་ཡིན་ན་དམིགས་བསལ་དུ་བགར་ཆོག
2.བོད་ཡིག་དཔེ་རྙིང་ནི་དཔེ་མཛོད་ཁང་འདིའི་དུས་ཡུན་རིང་པོ་འཚོལ་བསྡུ་ཞུ་བཞིན་ཡོད་པས། རིན་གོང་མཐོན་པོའི་བླུ་ཉོ་བྱེད་རྒྱུ་ཡིན་པ།
3. མི་སྒེར་དང་ཚོགས་པ། ལས་ཁུངས་ནས་རིན་མེད་དུ་སྐྱེས་འབུལ་གནང་མཁན་ཡོད་ན་ལས་ཁུངས་ཀྱི་མིང་ཐོག་ནས་དཔེ་ཆ་ཉར་མཛོད་ཀྱི་འཛིན་ཡིག་སྐྱེས་སྤྲོད་གནང་རྒྱུ་ཡིན་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།