ཁྲི་ཀ་མི་རིགས་སློབ་གྲྭས་རི་མོ་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-18 09:13:00 ཀློག་གྲངས།:


རི་མོའི་བརྩམས་ཆོས་རེ་རེས་སློབ་མ་ཚོའི་བློ་རིག་གི་སྒོ་མོ་ཡོངས་སུ་ཕྱེས།

           སློབ་རའི་སྒྱུ་རྩལ་རིག་གནས་ཀྱི་སྤུས་ཚད་མཐོར་འདེགས་དང་ཚད་གཞི་མཐོན་པོའི་སྒོ་ནས་སློབ་མ་རྣམས་རི་མོ་ལ་དགའ་བའི་སྤྲོ་བ་སློང་ཆེད་དུ་སློབ་གྲྭའི་གོང་རིམ་པའི་སྣེ་ཁྲིད་དང་མཛུབ་སྟོན་འོག་ཏུ།  ཟླ4བའི་ཚེས12ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ལོ་རིམ་ལྔ་བའི་ཕུགས་བསམ་འཚོལ་སྙེག་ཅེས་པའི་ཐེངས་དང་པོའི་རི་མོ་འགྲེམ་སྟོན་བྱས།


སློབ་གྲོགས་རྣམ་པའི་འཚང་ཁ་ཤིག་ཤིག་ཁྲོད་དུ་རྒྱགས་ཕྱེ་གྱ་ནོམ་པ་ཞིག་མིག་གི་ལོངས་སྤྱོད་དུ་བཤམས།

           སློབ་རའི་ཁྱོན་ཀུན་ཏུ་ཐུན་མོང་མ་ཡིན་པའི་རིག་གནས་མཁའ་དབུགས་གསར་བ་ཞིག་སྔོག་འདོན་བྱེད་སླད། སློབ་གྲྭའི་གཞུང་སྒྲུང་ཐོག་ཁང་གི་མདུན་དུ་རི་མོ་འགྲེམ་སྟོན་བྱས་པ་རེད། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། ། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།། ཞེས་པ་ལྟར་དུ། ཏག་ཏག་ཉིན་གུང་དུས་ཚོད12ཡས་མས་སུ་སློབ་གྲྭའི་དགེ་སློབ་མང་པོས་འཚང་ཁ་ཤིག་ཤིག་སྒོས་རི་མོའི་བརྩམས་ཆོས་རེ་རེ་མིག་གི་ལོངས་སྤྱོད་དུ་སྨིན་པ་རེད།


འདི་དང་འདི་ལྟ་བུའི་སྒྱུ་རྩལ་གྱི་བྱ་འགུལ་རེ་རེས་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད།

           མ་ཟད་ཐེངས་འདིའི་རི་མོའི་འགྲེམ་སྟོན་གྱིས་ན་ཆུང་ལོ་ཆུང་གི་བྱིས་པ་གང་མང་ཞིག་ལ་རི་མོ་སྒྱུ་རྩལ་གྱི་ཕྱོགས་སུ་སྤྲོ་བ་བསླངས་པ་དང་རི་མོ་འབྲི་རྒྱུར་དགའ་བའི་སློབ་གྲོགས་རྣམས་ལ་དེ་བས་ཀྱང་རི་མོ་འབྲི་བའི་རྩལ་ཇེ་མཐོར་གཏོང་བའི་སྐུལ་ལྕག་ཡང་ཡང་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།