ཐེམ་ཆེན་མི་རིགས་སློབ་འབྲིང་གིས་དཔྱིད་གསར་སྤྲོ་ཚོགས་ཞེས་པའི་རིག་རྩལ་བྱ་འགུལ་ཞིག་སྤེལ་བ།
བྱ་འགུལ་འགོ་རྩོམ་པ།
བྲོ་འཁྲབ་བཞིན་པ།
བུ་མོ་སློབ་མ་ཚོས་གར་གྱི་སྟངས་སྟབས་ལ་བསྒྱུར་བ།
གཟིགས་མོ་བ་ལྷན་རྒྱས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ལྟད་མོ་ལྟ་བཞིན་པ།
སྤྱི་ཟླ་བཞི་བའི་དུས་བཟང་གི་ནམ་ཟླ་དང་བསྟུན་ནས། ཐེམ་ཆེན་མི་རིགས་སློབ་འབྲིང་གིས་སློབ་མ་རྣམས་ཀྱི་རིག་རྩལ་གྱི་ནུས་པ་མཐོར་འདེགས་དང་རང་ཉིད་ཀྱི་འཇོན་ཐང་ཇེ་ལེགས་སུ་གཏོང་ཆེད། དཔྱིད་གསར་སྤྲོ་ཚོགས་ཞེས་པའི་རིག་རྩལ་བྱ་འགུལ་ཞིག་སྤེལ་ཞིང་། མཐོ་འབྲིང་གཉིས་པའི་འཛིན་གྲྭ་གཉིས་པསགཙོ་སྒྲུབ་གནང་ལ། ཐེངས་འདིའི་བྱ་འགུལ་ལ་གླུ་དབྱངས་དང་། རྡུང་ལེན། ཁ་ཤགས། ཞབས་བྲོ། སྙན་ངག་གྱེར་འདོན་སོགས་རིག་རྩལ་སྣ་ཚོགས་གྱ་ནོམ་པ་དག་གིས་སློབ་བུ་དག་གི་སློབ་གསེང་བྱ་འགུལ་ལ་ཁ་དོག་གསར་བ་ཞིག་བསྣན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com