བོད་ལྗོངས་ཀྱིས་ཞིང་འབྲོག་བུ་ཕྲུག་སློབ་གསོའི་འགན་ལེན་གསུམ་གྱི་ཁ་གསབ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།
བོད་ལྗོངས་ཀྱིས་ད་ལོ་སྒོར་དུང་ཕྱུར10ལྷག་ཙམ་བཏང་སྟེ་ཞིང་འབྲོག་མང་ཚོགས་བུ་ཕྲུག་གི་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་གསོ་ཚང་མ་འགན་ལེན་གསུམ་གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁྱབ་ཁོངས་ནང་འཇུག་རྒྱུ་མ་ཟད། འགན་ལེན་གསུམ་གྱི་ཁ་གསབ་ཚད་གཞི་ཡང་མཐོ་རུ་གཏོང་རྒྱུ་ཡིན་པས་སློབ་ཕྲུག་ཁྲི་ཚོ50ལྷག་ཙམ་ལ་སྲིད་ཇུས་དེའི་ཕན་པ་ཐོབ་རྒྱུ་རེད།
2011ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་འགན་ལེན་གསུམ་གྱི་སློབ་ཡོན་མི་དགོས་པའི་སློབ་གསོ་ལོངས་སྤྱོད་ཐུབ་མཁན་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་ཕྲུག་རེར་ལོ་ལྟར་ཁ་གསབ་སྒོར 2000 རེ་སྤྲོད་རྒྱུའི་ནང་ཟས་རིན་སྒོར1800དང་སློབ་གོས་དང༌། ཡོ་བྱད། སློབ་སྦྱོང་མཁོ་ཆས་སོགས་སྒོར200 ཚུད་ཡོད་པ་དང༌། མཐའ་མཚམས་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་མ་རེར་དམིགས་བསལ་ཁ་གསབ་སྒོར100རེ་སྤྲད་པ་དེ་དག་སློབ་གོས་དང་སློབ་སྦྱོང་མཁོ་ཆས་ཉོ་རྒྱུའི་ཐད་བེད་སྤྱོད་བྱེད་རྒྱུ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཞིང་འབྲོག་མང་ཚོགས་བུ་ཕྲུག་ཀྱི་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་སློབ་གསོའི་འགྲོ་གྲོན་མེད་པ་བཟོས་པ་ཙམ་མ་ཟད། བོད་ལྗོངས་ཀྱི་ས་ཁུལ་ཁག་ཅིག་ཏུ་ད་དུང་སློབ་གྲྭ་ཆེན་མོའི་སློབ་ཡོན་མི་དགོས་པའི་སློབ་གསོ་ཡང་ལག་བསྟར་བྱས་པ་རེད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས2008ལོ་ནས་བཟུང་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་འཕྲོད་པའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་སྲུང་དུད་ཚང་གི་བུ་ཕྲུག་གི་སློབ་ཡོན་ཆ་ཚང་རོགས་སྐྱོར་བྱས་པ་རེད།
སྙེ་མོ་རྫོང་གི་རྫོང་དཔོན་སྒོར་སྒོར་གྱིས་སྲིད་ཇུས་དེ་ལག་བསྟར་བྱས་རྗེས་སྙེ་མོ་རྫོང་དུ་དབུལ་ཕོངས་གིས་རྐྱེན་བྱས་ཏེ་སློབ་གྲྭན་ཆེན་མོར་འགྲོ་མི་ཐུབ་པའི་སྣང་ཚུལ་བྱུང་མྱོང་མེད་ལ་ཁྱིམ་བདག་གིས་ཕྲུ་གུ་སློབ་གྲྭར་སྐྱེལ་བའི་ཧུར་སེམས་ཀྱང་ཧ་ཅང་ཆེན་པོར་གྱུར་ཡོད་ཅེས་གསུངས་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com