ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་མི་རིགས་སློབ་གླིང་ལ་བཀའ་བསྟན་འགྱུར་ཕུལ་བ།
བོད་ལྗོངས་མི་རིགས་སློབ་གླིང་དཔེ་མཛོད་ཁང་གི་དཔེ་སྒྲོམ་དུ་བཞུགས་སུ་གསོལ་བའི་བཀའ་བསྟན་འགྱུར་དཔེ་བསྡུར་མ།
ཉེ་ཆར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་མི་རིགས་སློབ་གླིང་གི་དཔེ་མཛོད་ཁང་ལ《བཀའ་བསྟན་འགྱུར》དཔེ་བསྡུར་མ་ཞལ་འདེབས་སུ་ཕུལ་ཡོད་འདུག
《བཀའ་བསྟན་འགྱུར》དཔེ་བསྡུར་མ་ནི་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་ཤིང་། བསྡོམས་པས་པོ་ཏི232ཡོད་ཅིང་། དེའི་ཁྲོད་དུ་བཀའ་འགྱུར་དཔེ་བསྡུར་མ་པོ་ཏི108དང་། བསྟན་འགྱུར་དཔེ་བསྡུར་མ་པོ་ཏི124(དཀར་ཆག་པོ་ཏི4འདུས)ཡོད། བླུ་ཡོན་སྒོར་ཁྲི8ལྷག་རེད། འདི་ནི་མིག་སྔར་རྒྱལ་ནང་དུ་ཆེས་ཆ་ཚང་བའི་པར་གཞི་གསར་བ་དེ་ཡིན་ཞིང་། ཐོག་དང་བོར་དེང་རབས་དཔེ་སྐྲུན་ལག་རྩལ་སྤྱད་པའི་བོད་ཡིག་གི་ཆེས་ཆེ་བའི་གནའ་དཔེའི་དཔེ་ཚོགས་ཤིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com