ཁྲི་ཀ་མི་རིགས་སློབ་གྲྭའི་སྐབས་གཉིས་པའི་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-25 09:15:00 ཀློག་གྲངས།:


སེམས་ཀྱི་དགའ་སྐྱོ་སྙན་ངག་གི་ཚིག་འགྲོས་ལ་སྦྱར་ནས་གྱེར་འདོན་བྱེད་བཞིན་པ།

            2011ལོའི་སྤྱི་ཟླ4བའི་ཚེས19དགོང་མོར་འཆར་ཀའི་དཔྱིད་རླུང་འཇམ་པོ་ཞིག་གི་རྒྱུ་ཕྱོགས་དང་བསྟུན་ཏེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ལོ་རིམ་བརྒྱད་པའི་དགེ་སློབ350ལྷག་མཉམ་འཛོམས་བྱུང་ནས་ཐེངས་གཉིས་པའི་སྙན་ངག་གྱེར་འདོན་འགྲན་ཚོགས་དེ་སློབ་གྲྭའི་ཚོམས་ཆེན་དུ་བསྐོང་འཚོགས་བྱས་ནས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་།


རེབ་འདིའི་སྐར་གྲངས་ཚད་འགོད་པ།

            སློབ་སྐོར་གཞན་ནས་ཆེད་དུ་གྱེར་འདོན་འགྲན་ཞུགས་སློབ་མར་སྐར་གྲངས་ཚད་འགོད་པར་གདན་འདྲེན་ཞུས་པའི་དབུ་ཁྲིད་དང་དགེ་རྒན་འགའ་ཟུར་ཞུགས་མཛད་དེ། རེ་ལྟོས་དང་དྲང་བདེན། འདྲ་མཉམ་དང་གཟུར་གནས།  ལྷག་བསམ་བཅས་རྣམ་དཔྱོད་ཀྱིས་ཁྱོགས་པའི་ངག་རིག་དུང་གི་དབྱངས་རྟ་སྙན་མོ་དེ། ཚོགས་རའི་ཁྲ་ཆིལ་དགུ་ཆིལ་གྱི་སྒྲོན་ངོགས་སུ་འཕོས་ནས་སེམས་གཤིས་ཀྱི་གྲིབ་གཟུགས་སྣ་ཚོགས་འཕྲོས་པའི་གཏིང་སར་འཛུལ།


ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་སློབ་གྲོགས་གནམ་ལྷ་ཚེ་རིང་།

            བྱ་འགུལ་འདིའི་ཐོག་མཐའ་བར་གསུམ་དུ་སེམས་གཤིས་ཀྱི་སྒྲ་དབྱངས་དྭངས་མ་ཞིག་ངག་གི་དབྱངས་རྟ་ལ་བསྐྱོན་ནས་དགེ་རྒན་དང་ཕ་མར་དྲིན་བྱས་དྲིན་ལན་འཇལ་བའི་བརྗོད་བྱ་དཀྱིལ་སྙིང་དུ་བཟུང་ནས་གཞས་གདངས་རེ་རེ་སྐབས་འགར་དལ་ཅིང་ལྷོད་ལ་རེ་འགར་དྲག་ཅིང་འཕྱོ་ནས་རིམ་གྱིས་མཇུག་རྫོགས་མ་ཐག བློ་གཟུར་བོར་གནས་པ་ཁ་ཅིག་གིས་སྤྱི་བསྡོམས་གནད་དུ་ཐིངས་བ་བྱས་ཤིང༌། སློབ་བུ་རྣམས་ལ་རེབ་གཞུག་མའི་གྱེར་འདོན་སྙན་ངག་སོགས་ལ་སྟ་གོན་ཅི་ལྕོགས་བྱེད་པར་སྐུལ་སློང་རང་བཞིན་གྱི་བསླབ་བྱ་ཕོགས་ནས་ངར་སེམས་བསྐྱེད།


སྙན་ངག་གྱེར་འདོན་བྱེད་པའི་ཟུར་ཞིག

            མཇུག་མཐར།  དགེ་སློབ་ཐུན་མོང་ངམ་མི་སྒེར་ནས་སྒྱུ་རྩལ་ལ་དུངས་ཞེན་ཟབ་བའི་འཇོན་ཐང་ངོམས་པས། ཚོགས་ར་ཡོངས་སུ་ཐེལ་སྒྲ་དང་འཕྲིག་ཆ་དོད་པའི་ཉམས་སྣང་གིས་ཁེངས་པ་རེད།


བརྩེ་དུང་གིས་ཡོངས་སུ་ཕྱུག་ནས་སྙན་ངག་གི་མཆོད་པ་དགུང་ལ་བསྟོད།

            བྱ་འགུལ་འདིའི་བྱས་འབྲས་ལ་གཞིག་ན། ང་ཚོས་ཀྱང་བྱ་བ་ཕྲན་ཚེགས་ཤིག་ནས་འགོ་བརྩམསས་ཏེ།  སློབ་རའི་རིག་གནས་འཛུགས་སྐྲུན་ཐད་ཆུ་ཕྲན་འདུས་ནས་རྒྱ་མཚོ་གྲུབ་པར་དགེ་ཚོགས་ལྷག་བསམ་གྱི་རྔུལ་ཆུའི་ཐིགས་ཕྲན་རྡོག་གཅིག་བསགས་ཟིན་པར་ངེས་ཤེས་འདྲོངས།


དཀའ་སྤྱད་ཀྱི་སྡུག་རུས་ལས་འབྲས་བཟང་གི་བྱ་དགའ་ཐོབ།

            འདི་ལས་རང་རང་གི་དགེ་སེམས་ཚོགས་པའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས། སློབ་རའི་རྒྱན་དུ་མཛེས་ཤིང་གངས་རིའི་དཔལ་དུ་འཁྲུངས་པའི་ན་ཆུང་ཕྱི་ཐོགས་པ་ཀུན་བོད་ཕྲུག་རྣལ་མར་གྱུར་ནས་ཕ་སྐད་གཙང་མ་ཞིག་སྨྲ་བར་གཞན་སྐུལ་གྱི་གསལ་བརྡ་སྦྱིན་པར་ཡིད་ཆེས་རྙེད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།