ད་ལོར་བོད་ལྗོངས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས4300མཁོ་འདོན་བྱ་རྒྱུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-04-29 09:45:00 ཀློག་གྲངས།:
            ཉེ་དུས། གསར་འགོད་པས་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་འདེགས་དོ་དམ་ལས་ཁོངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་བོད་ལྗོངས་ཀྱིས་སྲིད་གཞུང་ནས་མ་དངུལ་བཏང་སྟེ་སྤྱི་ཕན་རང་བཞིན་གྱི་ལས་གནས4300མཁོ་འདོན་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐད་དཀལ་ངལ་འཕྲད་པའི་མང་ཚོགས་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་རེད།
            ཐེམ་ཐོ་བོད་ལྗོངས་སུ་ཡོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐད་དཀལ་ངལ་འཕྲད་པའི་མི་སྣ་ཡིན་ཕྱིན་རེ་ཞུ་བྱེད་ཆོག་པ་དང་། རེ་ཞུའི་ཐོ་འགོད་བྱེད་སྟངས་ནི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་འབྲེལ་ཡོད་ལག་ཁྱེར་འཁྱེར་ནས་ས་གནས(གྲོང་ཁྱེར)དང་རྫོང་ཁག་གི་ངལ་རྩོལ་ཚན་པར་རེ་ཞུ་བྱེད་པར་སྐྱོད་དགོས། སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་གླ་ཕོགས་ནི་ས་ཆ་དེ་ཁའི་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་གཞིར་བཟུང་སྤྲོད་རྒྱུ་ཡིན་པ་དང་། མི་བེད་སྤྱོད་བྱེད་མཁན་ཚན་པས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཁ་གསབ་རོགས་དངུལ་འོས་འཚམས་སྤྲོད་རྒྱུ་རེད།
            སྤྱི་ཕན་རང་བཞིན་གྱི་ལས་གནས་ནང་ལས་ཞུགས་བྱེད་མཁན་ལ་དེ་མིན་གྱི་ཕན་བདེ་ཁག་ལོངས་སྤྱོད་བྱེད་རྒྱུ་ཡོད། དེ་ཡང་མི་བེད་སྤྱོད་བྱེད་མཁན་ཚན་པས་ལོ་དེའི་སྤྱི་ཚོགས་ཀྱི་ཆ་སྙོམས་གླ་ཕོགས་ཀྱི60%གྲངས་གཞིར་འཛིན་ནས་རྒན་གསོའི་འགན་བཅོལ་དང་ལས་ཤོར་འགན་བཅོལ་སོགས་འགན་བཅོལ་ཁག་ལྔ་ཚང་མ་ཉོ་དགོས་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།