མི་གཤིས་གཙོའམ་རིག་གནས་གཙོ་ཞེས་པའི་རྩོད་གླེང་འགྲན་བསྡུར་བསྡུས་པ།
2011ལོའི་ཟླ4ཚེས28ཉིན་གྱི་དགོང་མོའི་ཆུ་ཚོད6:30ནས9:30བར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་རྒྱབ་སྐྱོར་འོག 2010ལོའི་རྩོམ་རིག་འཛིན་གྲྭས་གཙོ་སྒྲུབ་བྱས་པའི“མི་གཤིས་གཙོའམ་རིག་གནས་གཙོ”ཞེས་པའི་རྩོད་གླེང་འགྲན་བསྡུར་ཚོགས་ཀྱི་བྱ་འགུལ་སྤེལ་ཞིང་། ཐེངས་འདིའི་རྩོད་གླེང་དགོང་ཚོགས་སུ་བོད་རིག་པའི་སློབ་གླིང་གི་གླིང་གཙོ་རྒན་ཟླ་བ་དང་རྒན་ལྷ་ལུང་ཚེ་རིང་། རྒན་འགྱུར་མེད་སོགས་དགེ་སློབ་བཞི་བརྒྱ་ལྷག་གིས་གྲུབ་པ་རེད།
རྩོད་གླེང་ལ་ཞུགས་མཁན་གྱི་སློབ་མ་རྣམས་ཀྱིས་སྨྲ་བརྗོད་དག་ཅིང་ལུང་དང་རིག་པའི་རྩལ་ལས་བཏོན་པའི་རྩོད་སྒྲུབ་ཀྱི་ལྟ་བའི་མདུན་བསུས་ཏེ“མི་གཤིས་གཙོའམ་རིག་གནས་གཙོ”ཞེས་པའི་རྩོད་གླེང་ལ་དབུ་ཁྱུད་བྲིས་བྱུང་། ཐེངས་འདིའི་རྩོད་གླེང་གྱི་ཁ་གཏོད་ས་ནི་མཚོ་སྔོན་མི་རིགས་སློབ་གྲྭའི་དགེ་སློབ་རྣམས་ཀྱི་མི་གཤིས་ཀུན་སྤྱོད་དང་རིག་གནས་ཡིན་ཞིང་། ཆེ་ས་ནས་བོད་རིགས་ཤེས་ལྡན་མི་སྣའི་མི་གཤིས་ཀུན་སྤྱོད་ཐེར་འདོན་དང་རིག་གནས་ཆུ་ཚད་ཇེ་མཐོ་རུ་གཏོང་བར་སྐུལ་བའི་རྩོད་གླེང་ཐེངས་གཅིག་ཡིན།
རྩོད་གླེང་ཛ་དྲག་གི་གོ་རིམ་ཁྲོད་དུ་འགྲན་ཞུགས་སློབ་མས“ཀུན་སྤྱོད་མི་ཡི་གཞི་མ་ཡིན། ཡོན་ཏན་འཚོ་སྡོད་ནུས་པ་ཡིན”ཞེས་པའི་སྒྲུབ་བྱེད་ཁུངས་བཙུན་ལ་བསྒྲུབ་བྱ་ཡང་དག་པའི་སྡོམ་ཚིག་ཀྱང་མང་པོ་བཀོད་ཅིང་། རྩོད་གླེང་འདིར་གཞན་ལས་ལྷག་པའི་སྣ་འཛོམས་ཀྱི་རང་བཞིན་ལྡན་ཏེ། ཞབས་བྲོ་དང་གླུ་གཞས། ཤེས་བྱའི་དྲི་བ། སྙན་ངག་གྱེར་འདོན་སོགས་ཀྱིས་མཚོན་པའི་ལེ་ཚན་རེ་རེས་དགེ་སློབ་ཀུན་རྩོད་གླེང་དགོང་ཚོགས་སུ་ཞུགས་པར་སྤྲོ་བས་བརྟས་ཤིང་འདོད་བློ་ཚིམ་ནས་ཡོད།
མཇུག་མཐར། དགེ་རྒན་ཆེན་མོ་ཚེ་དབང་རྡོ་རྗེ་ལགས་ཀྱིས“མི་གཤིས་གཙོའམ་རིག་གནས་གཙོ”ཞེས་པའི་རྩོད་གླེང་དགོང་ཚོགས་ལ་ཚད་མཐོན་པོས་གདེང་འཇོག་བྱས་ཤིང་སྤྱི་བསྡོམས་ཆ་ཚང་མཛད་ལ་དགེ་སློབ་རྣམས་ཀྱི་དགའ་བའི་མཐེབ་སྒྲའི་ཁྲོད2010ལོའི་རྩོམ་རིག་འཛིན་གྲྭས་བསྒྲུབས་པའི“མི་གཤིས་གཙོའམ་རིག་གནས་གཙོ”ཞེས་པའི་རྩོད་གླེང་དགོང་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com