2011ལོའི་སློབ་གྲྭ་ཆེན་མོ་བའི་ནུབ་རྒྱུད་ཞབས་ཞུའི་དང་བླངས་པ་བསྡུ་འགོ་ཚུགས་པ།
ཉེ་ལམ། 2011ལོའི་སློབ་གྲྭ་ཆེན་མོ་བའི་ནུབ་རྒྱུད་ཞབས་ཞུའི་དང་བླངས་པ་བསྡུ་བའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང༌། གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི2011ལོའི་ནུབ་རྒྱུད་འཆར་གཞིས་གཞི་རིམ་གྱི་གཞོན་ནུའི་ལས་དོན་དང་བོད་ལྗོངས་ཞབས་ཞུའི་རྣམ་གྲངས་གཉིས་ལ་དམིགས་ཏེ་པེ་ཅིང་དང་ཧྲང་ཧའེ། ཧྲན་ཤི་བཅས་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོ་དང་ལྗོངས་ནང་ཁུལ་གྱི་སློབ་གྲྭ་ཆེན་མོ། ལྗོངས་ནང་ཁུལ་གྱི་སློབ་མའི་ཐོན་ཁུངས་ཀྱི་ལྗོངས་ཕྱི་རོལ་གྱི་མཐོ་རིམ་སློབ་གྲྭ་བཅས་ཀྱི་ལོ་འདིའི་སློབ་ཐོན་སློབ་མ་བསྡུ་རྒྱུ་རེད།
ནུབ་རྒྱུད་འཆར་གཞིའི་ཞབས་ཞུའི་ནང་ཞུགས་ནས་ལོ་གཉིས་སོང་བ་མ་ཟད་དཔྱད་ཞིབ་བྱས་ནས་ཚད་གཞི་ལོན་པའི་དང་བླངས་པས་ལོ་གསུམ་ནང་ཚུན་དུ་ཞིབ་འཇུག་སློབ་མར་ཡིག་རྒྱུགས་སྤྲད་ན་ཐོག་མའི་ཡིག་རྒྱུགས་ཀྱི་སྤྱིའི་སྐར་གྲངས་ཐོག་སྐར་མ་བཅུ་སྣོན་རྒྱུ་དང༌། ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་བསྡུ་རྒྱུ་ཡིན་ལ། དང་བླངས་པའི་ཞབས་ཞུའི་དུས་ཚོད་ལོ་གཉིས་སོང་བ་མ་ཟད་དཔྱད་ཞིབ་བྱས་ནས་ཚད་གཞི་ལོན་པ་རྣམས་ཀྱིས་གཞུང་ཞབས་པ་སོགས་ལ་ཡིག་རྒྱུགས་སྤྲད་ན་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་རྒྱུ་ཡོད་པ་དང༌།ནོར་སྲིད་ཚན་པས་ད་དུང་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com