བོད་ལྗོངས་སྤྱི་ཚོགས་སྐད་བརྡ་ཞིབ་འཇུག་ཁང་འཛུགས་པར་མིང་རྟགས་བཀོད་པ།
མིང་རྟགས་འགོད་པའི་མཛད་སྒོའི་ཡུལ་དངོས།
ཉེ་ལམ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ“ཧོང་ཧོའེ་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བོད་ལྗོངས་སྤྱི་ཚོགས་སྐད་བརྡ་ཞིབ་འཇུག་ཁང་འཛུགས་པར་མིང་རྟགས་འགོད་པ” ཞེས་པའི་མཛད་སྒོ་བསྡུས་པ་རེད།
མིང་རྟགས་འགོད་པ་ལེགས་འགྲུབ་བྱུང་བ།
མིང་རྟགས་འགོད་པའི་མཛད་སྒོ་མ་བསྡུས་གོང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས་ལགས་ཀྱིས་ཧོང་ཧོའེ་སློབ་གླིང་གི་འགོ་འཛིན་གཞོན་པ་ཐན་ཀྲིན་ལྷན་ཕེབས་རྣམས་ལ་མཇལ་འཕྲད་གནང་། ལྷག་པ་ཕུན་ཚོགས་ལགས་ཀྱིས་འདི་སྐད་དུ། བོད་ཀྱི་སྐད་བརྡར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་དང་། ཐུན་མོང་དུ་བོད་ལྗོངས་སྤྱི་ཚོགས་སྐད་བརྡ་ཞིབ་འཇུག་ཁང་འཛུགས་རྒྱུ་དེས་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ཀྱི་རིག་གནས་ལ་མཐོང་ཆེན་གནང་པ་མཚོན་ཐུབ་ཅིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་གི་ལས་དོན་ལ་མཐུན་སྦྱོར་དང་སྣེ་ཁྲིད་བྱེད་པའི་འོས་འགན་ཡོད་པས། ཐེངས་འདིར་ཧོང་ཧོའེ་སློབ་གླིང་དང་མཉམ་འབྲེལ་གྱིས་བོད་ལྗོངས་སྤྱི་ཚོགས་སྐད་བརྡ་ཞིབ་འཇུག་ཁང་འཛུགས་རྒྱུ་དེས་ཀྲུང་གོའི་བོད་རིག་པའི་ལས་རིགས་ལ་མཉམ་འབྲེལ་གྱི་ལས་གྲོགས་གསར་པ་ཞིག་བསྣན་པས་བོད་རིག་པའི་ལས་རིགས་ཁག་བར་འབྲེལ་འདྲིས་བྱེད་པར་ཕན་ཐོགས་ཆེན་པོ་ལྡན་ཞེས་གསུངས།
རྣམ་པ་ཚོ་ལྷན་དུ་པར་བསྐྱོན་པ།
མིང་རྟགས་འགོད་པའི་མཛད་སྒོའི་སྟེང་དུ། ཧོང་ཧོའེ་སློབ་གླིང་གི་འགོ་འཛིན་གཞོན་པ་ཐན་ཀྲིན་གྱིས་སློབ་གླིང་དང་མཉམ་འཛུགས་བྱེད་པའི་ཞིབ་འཇུག་ཁང་གི་གནས་ཚུལ་ངོ་སྤྲོད་གནང་པ་མ་ཟད། ཐེངས་འདིར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཉམ་སྒྲུབ་ཀྱིས་བོད་ལྗོངས་སྤྱི་ཚོགས་སྐད་བརྡ་ཞིབ་འཇུག་ཁང་ཞིག་འཛུགས་པ་ནི་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་ཁུངས་དང་མཉམ་འབྲེལ་བྱེད་པའི་གོམ་པ་དང་པོ་སྤོས་པ་དང་དུས་མཚུངས་སུ་སློབ་གྲྭའི་ཚན་ཞིབ་ལས་དོན་ཐད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བར་ཕན་ནུས་ཆེན་པོ་ལྡན་ཞེས་གསུངས།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཁང་གི་སའོ་ཀྲང་གཞོན་པ་བསྟན་འཛིན་ལྷུན་གྲུབ་གྱིས་སྤྱི་ཚོགས་དཔལ་འབྱོར་ཁང་གི་གནས་ཚུལ་དང་ལྷག་པར་དུ་སྐད་བརྡ་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་དང་འཕེལ་རྒྱས་ངོ་སྤྲོད་རགས་ཙམ་མཛད།
སྤྱི་ཁྱབ་ལས་འཛིན་གཞོན་པ་དགྲ་འདུལ་གྱིས་ཚོགས་ཐོག་ཏུ་གསུང་བཤད་གནང་། ཁོང་གིས་འདི་སྐད་དུ། ཐེངས་འདིར་ཧོང་ཧོའེ་སློབ་གླིང་དང་མཉམ་འབྲེལ་སྒོས་བོད་ལྗོངས་སྤྱི་ཚོགས་སྐད་བརྡ་ཞིབ་འཇུག་ཁང་འཛུགས་རྒྱུ་དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་མཚོན་ན་འགོ་ཚུགས་ས་གསར་པ་ཞིག་སྟེ། ཕྱོགས་གཉིས་ཀས་ཐུན་མོང་དུ་བོད་རིག་པ་ཞིབ་འཇུག་གི་ལས་དོན་གོང་འཕེལ་གཏོང་བའི་ཟམ་པ་ལྟ་བུ་བཙུགས་ཤིང་། ཧོང་ཧོའེ་སློབ་གླིང་གིས་སྔར་ལས་ལྷག་པར་ཤེས་ལྡན་མི་སྣ་ནང་འདྲེན་དང་། ཞིབ་འཇུག་དཔུང་ཁག་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱས་ཏེ། ཞིབ་འཇུག་ཁང་ལ་ལས་དོན་སྒྲུབ་གནས་དང་ཤེས་ལྡན་མི་སྣ་ཡོད་པར་བྱ་རྒྱུ་རེ་བ་བཏོན་པ་མ་ཟད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རང་ནུས་ཅི་ལྕོགས་ཀྱི་སྒོ་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་གཉིས་ཀས་མཉམ་ལས་མཉམ་སྐྲུན་ལ་མྱུར་དུ་གྲུབ་འབྲས་འབྱུང་པའི་རེ་བ་ཡང་བཏོན་པ་རེད།
མཇུག་མཐར། སྤྱི་ཁྱབ་ལས་འཛིན་གཞོན་པ་དགྲ་འདུལ་དང་འགོ་འཛིན་གཞོན་པ་ཐན་ཀྲིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་ཞུས་ནས་མིང་རྟགས་བཀོད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་ལས་འཛིན་གཞོན་པའམ་སྐད་གྲགས་ཅན་གྱི་བོད་རིག་པའི་མཁས་པ་ཧུའུ་ཐན་དང་ཞིབ་འཇུག་ལས་ཀ་གཉེར་པའི་སྡེ་ཁག་གི་འགན་འཁུར་པ་དག་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com