བོད་ལྗོངས་རླུང་འཕྲིན་ལས་ཁུངས་ནས་བོད་ལྗོངས་བཤད་གྲྭ་ཞེས་པའི་བོད་སྐད་ལེ་ཚན་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-05-10 09:07:00 ཀློག་གྲངས།:


བོད་ལྗོངས་བཤད་གྲྭ་ཞེས་པའི་བོད་སྐད་ལེ་ཚན།

            དུས་ཡུན་ལོ་གཅིག་རིང་གི་འབད་བརྩོན་བྱས་པ་བརྒྱུད་བོད་ལྗོངས་མི་དམངས་ ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ནན་ཏན་ངང་འཆར་འགོད་དང་སྒྲིག་བཟོ་བྱས་པའི་བོད་སྐད་རླུང་འཕྲིན་གྱི་རིག་གཞུང་རྒྱུན་མཐུད་ལེ་ཚན་ཆེ་གྲས《བོད་ལྗོངས་བཤད་གྲྭ》ཞེས་པ་དེ་སྤྱི་ཟླ5པའི་ཚེས14ཉིན་ནས་བཟུང་རྒྱ་ཆེའི་གསན་མཁན་རྣམ་པ་ཚོས་དངོས་སུ་གསན་བཞེས་ཐུབ་རྒྱུ་རེད།  
            རིག་གཞུང་ལེ་ཚན་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ90འཁོར་བ་དང་།  བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ60 འཁོར་བར་རྟེན་འབྲེལ་ཞུ་བའི་དམིགས་བསལ་ལེ་ཚན་ཞིག་ཡིན་ལ་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་ལེགས་གཉེར་བྱས་ནས་རླུང་འཕྲིན་བྱ་གཞག་གོང་འཕེལ་གཏོང་བའི་དམིགས་ཚད་སྒྲུབ་པར་བྱེད་པའི་གལ་ཆེའི་རྣམ་གྲངས་ཤིག་རེད།
            《བོད་ལྗོངས་བཤད་གྲྭ》ཞེས་པའི་ལེ་ཚན་ནི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར།  རིག་གནས།  ལོ་རྒྱུས།  ཚན་རིག་སོགས་ཀྱི་ནང་དོན་གཞི་གཅིག་ཏུ་འདུས་པའི་རིག་གཞུང་གི་རིན་ཐང་ངེས་ཅན་ལྡན་ཞིང་ད་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་ལེ་ཚན་ཞིག་རེད་ལ།  སྐུ་ཉིད་ནས་བོད་ཀྱི་རིག་གཞུང་ལ་མྱོང་རོལ་གནང་ཐུབ་རྒྱུར་ཕན་པ་ཆེ་བའི་ལེ་ཚན་ཞིག་ཀྱང་ཡིན།
            ད་ཆ་སྒྲིག་བཟོ་ལེགས་སྒྲུབ་ཟིན་པའི《བོད་ལྗོངས་བཤད་གྲྭ》ཞེས་པའི་ལེ་ ཚན་ལ་ལེའུ26ཡོད་པ་དང་།  སྤྱི་ཟླ5པའི་ཚེས 14 ཉིན་ནས་བཟུང་གཟའ་འཁོར་ངོ་རེ་བཞིན་གྱི་རེས་གཟའ་སྤེན་པ་དང་ཉི་མའི་ཆུ་ཚོད14:30 ནས་ཆུ་ཚོད15:30 བར་དུ་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི《ཀྲུང་གོའི་བོད་ལྗོངས》ཞེས་པའི་ཕྱི་ཕྱོགས་ལེ་ཚན་ནང་གཏོང་རྒྱུ་དང་།  དེ་བཞིན་དུས་མཚུངས་སུ《ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་དྲ་བའི》ཐོག་གསན་བཞེས་ཐུབ་ཀྱི་ཡོད།  ལེ་ཚན་གྱི་ཞིབ་ཕྲའི་ནང་དོན་སྤྱི་ཟླ5པའི་ཚེས6ཉིན་གྱི《བོད་ལྗོངས་ཚོང་དོན་ཚགས་པར》གྱི་པར་ངོས་དགུ་པ་དང་སྤྱི་ཟླ5པའི་ཚེས12ཉིན་གྱི《བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན》ཚགས་པར་ཐོག་འཁོད་ཡོད་པས་ཞིབ་གཟིགས་ཡོད་པ་མཁྱེན། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།