ཀྲུང་གོ་ཚྭ་འདམ་སོག་ཡིག་དང་བོད་ཡིག་གི་དྲ་ཚིགས་ཕྱེ་བའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-13 10:24:00 ཀློག་གྲངས།:


མཚོ་ནུབ་ཁུལ་གྱིས་ཀྲུང་གོ་ཚྭ་འདམ་སོག་བོད་ཡི་གེ་དྲ་ཚིགས་ཕྱེ་བའི་ཁྱབ་བསྒྲགས་མཛད་སྒོ་སྤེལ་བ།


མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་འོད་ཟེར་
དྲ་འབྱེད་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།


མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་
བརྟན་གྱིས་དྲ་འབྱེད་མཛད་སྒོར་མདོ་འཛིན་བྱས་པ།


མཚོ་ནུབ་ཁུལ་སྲིད་གཞུང་གི་རྟོག་ཞིབ་པ་ཨ་ཡུས་རོང་དྲ་འབྱེད་མཛད་སྒོར་ཞུགས་པ།

            2011ལོའི་ཟླ5བའི་ཚེས6ཉིན་གྱི་ཕྱི་དྲོའི་ཆུ་ཚོད3གྱི་སྟེང་། ཀྲུང་གོ་ཚྭ་འདམ་སོག་ཡིག་དང་བོད་ཡིག་གི་དྲ་ཚིགས་ཕྱེ་བའི་མཛད་སྒོ་བསྡུས་ཤིང་། མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་གཙོ་གཞོན་པ་འོད་ཟེར་དང་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་སོགས་འབྲེལ་ཡོད་སྡེ་ཁག་གི་མི་སྣ30ལྷག་གྲོས་ཚོགས་སུ་ཞུགས་པ་རེད།


འབྲེལ་ཡོད་སྡེ་ཁག་གི་འགན་ལེན་བློ་མཐུན་དྲ་འབྱེད་མཛད་སྒོར་ཞུགས་པ།


མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་འོད་ཟེར་གྱིས་
སོག་ཡིག་པར་མ་དང་བོད་ཡིག་པར་མ་མནན་ནས་དྲ་ཚིགས་ཁྱབ་བསྒྲགས་བྱེད་པ།


ཀྲུང་གོ་ཚྭ་འདམ་སོག་ཡིག་དྲ་ཚིགས་ཁྱབ་བསྒྲགས་བྱས་པ།


ཀྲུང་གོ་ཚྭ་འདམ་སོག་ཡིག་དྲ་ཚིགས།

            ཚོགས་ཐོག་ཏུ་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་མདོ་འཛིན་བྱས་ཤིང་། ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་གཙོ་གཞོན་པ་འོད་ཟེར་ལགས་ཀྱིས་གསུང་བཤད་གལ་ཆེན་གནང་། ཁོས་བསྟན་དོན་ཀྲུང་གོ་ཚྭ་འདམ་སོག་ཡིག་དང་བོད་ཡིག་གི་དྲ་ཚིགས་ཕྱེ་བ་ནི་མི་རིགས་རང་བཞིན་དང་། ཚན་རིག་རང་བཞིན། ཡར་ཐོན་རང་བཞིན་བཅས་དུས་རབས་ཀྱི་ཐོད་བརྒལ་ལས་སྨིན་པའི་འབྲས་བུ་ཞིག་ཡིན་པ་དང་།  ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་འགོ་ཁྲིད་འོག  ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་དམ་དུ་སྦྲེལ་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གཙོ་བོ་མི་དམངས་ལ་ཁྱབ་བསྒྲགས་བྱེད་པ་དང་། ཡུལ་དགེ་ཚྭ་འདམ་གྱི་སྲིད་འབྱོར་རིག་གསུམ་འཕེལ་བ་དང་། མི་རིགས་མཐུན་སྒྲིལ་སྔར་ལས་ཡར་ཐོན་ཡོང་བའི་བརྡ་འཕྲིན་དྲ་འགོད་བྱེད་དགོས་པ་སོགས་མདོར་ན། ཐུན་མོང་མ་ཡིན་པའི་ཚྭ་འདམ་གྱི་ཕྱིའི་ཡུལ་གྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་དེ། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་ཞབས་རྗེས་བཀོད་པའི་གོམ་པ་དང་པོ་སྤོས་པའི་རྟགས་མཚན་ཡིན་པ་དང་། དྲ་ཐོག་ཏུ་ཁྲིམས་འགལ་ལུགས་འགལ་གྱི་སྙིགས་རོ་ཡི་གེ་མི་འགོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་དགོངས་པར་མཐུན་པ། ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་བསྟུན་དགོས་པའི་རེ་བ་བཏོན།


ཀྲུང་གོ་ཚྭ་འདམ་སོག་ཡིག་དྲ་ཚིགས་བདེ་ལེགས་ངང་ཁྱབ་བསྒྲགས་བྱས་པར་རྟེན་འབྲེལ་ཞུ།


ཀྲུང་གོ་ཚྭ་འདམ་བོད་ཡིག་དྲ་ཚིགས་ཁྱབ་བསྒྲགས་བྱས་པ།


ཀྲུང་གོ་ཚྭ་འདམ་བོད་ཡིག་དྲ་ཚིགས།


ཀྲུང་གོ་ཚྭ་འདམ་བོད་ཡིག་དྲ་ཚིགས་བདེ་ལེགས་ངང་ཁྱབ་བསྒྲགས་བྱས་པར་རྟེན་འབྲེལ་ཞུ།

            མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་གཙོ་གཞོན་པ་འོད་ཟེར་ལགས་ཀྱི་གསུང་བཤད་དགོངས་དོན་དང་ལེན་དང་ཚྭ་འདམ་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་ལ་ཕན་འབྲས་ལེགས་པོར་ལྡན་པ་སོགས་དྲ་ཐོག་ཏུ་སྤེལ་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཀྲུང་གོ་ཚྭ་འདམ་སོག་བོད་ཡིག་གེ་དྲ་ཚིགས་ཀྱི་མ་འོངས་མདུན་ལྗོངས་ཁྱད་དུ་འཕགས་པ་ཞིག་ཡོང་བའི་སྨོན་འདུན་དང་བཅས་ཐེངས་འདིའི་གྲོས་ཚོགས་གཟབ་རྒྱས་ངང་གྲོལ་བ་རེད། 

 

 

 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།