ཅོ་ནེ་རྫོང་གིས་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ལ་ལས་རིགས་གསར་སྐྲུན་གྱི་ལས་སྟེགས་བསྐྲུན་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:ཀན་ལྷོ་རླུང་འཕྲིན་ཁང་། དུས་ཚོད།:2011-05-16 10:48:00 ཀློག་གྲངས།:

  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་རྫོང་ཡོངས་ཀྱི་སློབ་གྲྭ་ཆེན་མོ་བའི“སྡེ་དཔོན”ཉེར་ལྔའི་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་བསྣན་ཏེ་ཧུར་བརྩོན་གྱིས་ཁོ་ཚོར་ལས་རིགས་གསར་སྐྲུན་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་ལས་སྟེགས་བསྐྲུན། ཁོ་ཚོར་ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་ཚན་རིག་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཕྱོགས་ལ་ནུས་པ་འདོན་པར་ཤུགས་སྣོན་པ་བཅས་སུ་རོགས་རམ་བྱས་པ་རེད།
  ཅོ་ནེ་རྫོང་གིས་སློབ་གྲྭ་ཆེན་མོ་བའི“སྡེ་དཔོན”ལ་སློབ་གསོ་དང་གསོ་སྦྱོང་བྱེད་པ་དེ་རྫོང་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་འཆར་གཞི་ནང་བཅུག་ནས་གཏན་འཁེལ་མེད་པའི་གསོ་སྦྱོང་དང་ཆེད་དམིགས་གསོ་སྦྱོང་སྤེལ་བ། ཤང་གྲོང་འགོ་ཁྲིད་པས་སློབ་གྲྭ་ཆེན་མོ་བའི“སྡེ་དཔོན”ལ་འབྲེལ་འདྲིས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་སློབ་གྲྭ་ཆེན་མོ་བའི“སྡེ་དཔོན”གྱི་དོ་དམ་ཞབས་ཞུའི་འགན་ཁུར་དགོས་པ་གསལ་བོ་བྱས་ནས། ནུས་པ་ལྡན་པའི་བཀོལ་སྤྱོད་དང་དོ་དམ་ནང་རྐྱེན་ཐོག་མར་གྲུབ། རྫོང་ཨུའི་རྩ་འཛུགས་པུའུ་ཡིས་གཅིག་གྱུར་དོ་དམ་དང་ཤང་གྲོང་ཏང་ཨུས་ཞིབ་ཕྲའི་དོ་དམ། སྡེ་བའི་ཏང་ཀྲི་པུའུ་ཡིས་ཐད་ཀར་དོ་དམ་བཅས་བྱེད་པའི་རིམ་པ་གསུམ་གྱི་མཉམ་སྒུལ་ལམ་ལུགས་བཙུགས་པ་དང་། རིམ་བཞིན་སྲིད་ཇུས་དངོས་འབེབས་བྱས་ནས་སློབ་གྲྭ་ཆེན་མོ་བའི“སྡེ་དཔོན”གྱིས་ཞིང་སྡེ་ནས་རྐང་འཛུགས་པ་དང་མི་དམངས་ལ་ཞབས་ཞུ་བྱེད་པའི་ཧུར་བརྩོན་རང་བཞིན་མཐོར་འདེགས་བྱུང་བ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།