མགོ་ལོག་ཁུལ་གྱིས་གསར་དུ་གདན་ཞུ་བྱས་པའི་དགེ་རྒན་རྩ་འཛུགས་བྱས་ཏེ་ཟི་ལིང་དུ་ལས་གནས་གསོ་སྦྱོང་སྤེལ་བ།

རྩོམ་པ་པོ།:ཚེ་དབང་ཐར། ཡོང་ཁུངས།: http://zw.guoluo.gov.cn དུས་ཚོད།:2011-05-16 15:45:00 ཀློག་གྲངས།:

  ཉེ་ལམ་མགོ་ལོག་ཁུལ་གྱིས་ཞིང་ཆེན་སློབ་གསོ་ཐེན་ལ་རེ་བཅོལ་བྱས་སྟེ། མཚོ་སྔོན་དགེ་ཐོན་སློབ་ཆེན་དར་མའི་སློབ་གསོ་སློབ་གླིང་དུ2010ལོར་གསར་དུ་གདན་ཞུ་བྱས་པའི་དགེ་རྒན་ལ་ལས་སྔོན་གསོ་སྦྱོང་སྤེལ།
  ཐེངས་འདིའི་གསོ་སྦྱོང་དུས་བཅད་ཉིན15ཡིན་ལ། ཁུལ་ཡོངས་སུ་གསར་དུ་གདན་ཞུ་བྱས་པའི་དགེ་རྒན137གསོ་སྦྱོང་ལ་ཞུགས། དེའི་ཁྲོད་དུ། རྒྱ་ཡིག་དགེ་རྒན91དང་རྩིས་རིག་དགེ་རྒན13 བོད་ཡིག་དགེ་རྒན22 དབྱིན་ཡིག་དགེ་རྒན11བཅས་ཡོད། གསོ་སྦྱོང་ནང་དོན་ལ་གཙོ་བོར་དགེ་རྒན་གྱི་ཀུན་སྤྱོད་བློ་སྦྱོང་དང་ལས་རིགས་ཀུན་སྤྱོད་ཚད་གཞི། སློབ་ཁྲིད་ནུས་རྩལ། སློབ་ཁྲིད་ལྟ་སྦྱོང་སོགས་འདུས་པ་མ་ཟད། སློབ་གསོ་སློབ་ཁྲིད་ཐབས་ཇུས་ཞིབ་འཇུག་དང་མི་རིགས་སྐད་ཡིག་རམ་འདེགས་སློབ་ཁྲིད་ཞིབ་འཇུག སློབ་ཁྲིད་བྱེད་ཐབས་དང་སློབ་ཁྲིད་ལྟ་བ་གསར་གཏོད། སློབ་ཁྲིད་ཇུས་འགོད། དཔེ་མཚོན་དབྱེ་ཞིབ། བསླབ་ཚན་གསར་བའི་སློབ་ཁྲིད་དོགས་གནད་ཐག་གཅོད་སོགས་འདུས། དེའི་བར་སྐབས་དག་ཏུ། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་དུ་སོང་ནས་ཡུལ་དངོས་ལྟ་སྦྱོང་ལ་ཞུགས་ཏེ་གསོ་སྦྱོང་སྤེལ་བ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།