རྨ་ཆུ་བོད་རིགས་སློབ་འབྲིང་དུ་གཏམ་བཤད་འགྲན་བསྡུར་སྤེལ་པ།

རྩོམ་པ་པོ།:ཀྱེ་ཕུར་མཆོག་གསུམ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-17 10:45:00 ཀློག་གྲངས།:


བྱ་དགའ་ཐོབ་པའི་སློབ་མའི་མཉམ་པར།


བྱ་དགའ་ཨང་དང་པོ་ཐོབ་པའི་སློབ་གྲོགས་ཆོས་འདུག

            ཉེ་ལམ།  རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་ལོ་རིམ་གྱིས་བསླབ་གཞི་གསར་བའི་བཅོས་བསྒྱུར་དང་སྤུས་ཚད་སློབ་གསོའི་དགོངས་དོན་། སློབ་མའི་སྨྲ་ལྕེ་སྦྱོང་བརྡར་དང་ནུས་པ་འདོན་སྤེལ་བཅས་ལ་དམིགས་ནས “ཡོན་ཏན་མ་ལུས་བརྩོན་འགྲུས་ཅན་ལ་ཕྱོགས”ཞེས་པའི་ཁ་བྱང་གཅིག་པའི་སློབ་མའི་གཏམ་བཤད་འགྲན་བསྡུར་སྤེལ་པ་རེད།


བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་གྲོགས་ཤེས་ལུ།


བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་གྲོགས་བློ་བཟང་བཀྲ་ཤིས།

            ཐེངས་འདིར་ཁྱོན་བསྡོམས་སློབ་མ10འགྲན་བསྡུར་ལ་ཞུགས་ཤིང་། འགྲན་ཞུགས་པ་རྣམས་ཀྱིས་རང་ཉིད་ཀྱི་བརྩོན་སེམས་དང་མཐོང་ཐོས། ཉམས་མྱོང་སོགས་གཞིར་བཟུང་སྟེ་སྙན་མོའི་ངག་དང་བདེ་མོའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་བརྩོན་འགྲུས་ཀྱི་གལ་ཆེན་རང་བཞིན་དང་། དགོས་ངེས་རང་བཞིན། ཕན་ཐོགས་རང་བཞིན་སོགས་སྔོན་ཐོན་གྱི་སྐྱེ་བུ་བརྩོན་སེམས་ཅན་དང་སྙིང་རུས་ཅན། བཟོད་བསྲན་ཅན་མང་པོ་དཔེ་དང་ལུང་དུ་དྲངས་ནས་བརྗོད་པས་དགེ་སློབ་ཐུན་མོང་གི་སེམས་སུ་དུས་ཚོད་ནིཚེ་སྲོག་དང་བརྩོན་འགྲུས་ནི་རྒྱལ་ཁ་ཡིན་པའི་གནས་ལུགས་གསལ་བོར་ངེས་སུ་བཅུག་པ་རེད།


བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་གྲོགས་ཏྰ་རེ།


བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་གྲོགས་བསོད་ནམས་སྒྲོལ་མ།


ཚོགས་རའི་རྣམ་པ།

            མཇུག་མཐར་སློབ་གྲོགས་ཆོས་འདུག་ལ་གཏམ་བཤད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་ལ། སློབ་གྲོགས་ཤེས་ལུ་དང་སློབ་གྲོགས་བློ་བཟང་བཀྲ་ཤིས་གཉིས་ལ་བྱ་དགས་ཨང་གཉིས་པ་དང་། སློབ་གྲོགས་ཕུན་ཚོགས་རྡོ་རྗེ་དང་། ཏཱ་རེ། བསོད་ནམས་སྒྲོལ་མ་བཅས་ལ་བྱ་དགའ་ཨང་གསུམ་པ་དང་། སློབ་གྲོགས་གསང་འདུས། ལྷ་མོ་སྐྱིད། ཚེ་རིང་རྡོ་རྗེ། ལྷ་མོ་སྒྲོན་བཅས་ལ་འོས་འཚམ་གྱི་ཕུལ་བྱུང་བྱ་དགའ་རེ་བཀོད་སྒྲིག་བྱས་ཏེ་སློབ་གྲོགས་རྣམས་ལ་རང་རྟོགས་སྒོས་སློབ་སྦྱོང་ལ་འཇུག་པ་དང་། འགྲན་རྩོད་ཀྱིས་སློབ་སྦྱོང་ལ་ཞུགས་ཏེ་ཕྱོགས་ཡོངས་ནས་རང་ཉིད་ཀྱི་འཇོན་ཐང་འདོན་སྤེལ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།