ནུབ་རྒྱུད་རྩོམ་རིག་གླེང་སྟེགས“ཀན་ལྷོའི་རྩོམ་རིག”ཅེས་པའི་བཞུགས་མོལ་ཚོགས་འདུ་ལན་གྲུ་རུ་འཚོགས་པ།
ནུབ་བྱང་དགེ་ཐོན་སློབ་ཆེན་དུ“ཀན་ལྷོའི་རྩོམ་རིག”ཅེས་པའི་བཞུགས་མོལ་ཚོགས་འདུ་སྤེལ་པ།
ཉེ་ཆར། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་པའི་མཉམ་འབྲེལ་ལྷན་ཚོགས། ནུབ་བྱང་དགེ་ཐོན་སློང་ཆེན་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་གཞུང་ལུགས་ཞིབ་འཇུག་ཁང་དང་ནུབ་བྱང་དགེ་ཐོན་སློབ་ཆེན་རྩོམ་རིག་ལོ་རྒྱུས་གླིང་གིས་འགན་བཞེས་ཏེ་སྒྲུབ་པའི་ནུབ་རྒྱུད་རྩོམ་རིག་གླེང་སྟེགས“ཀན་ལྷོའི་རྩོམ་རིག”ཅེས་པའི་བཞུགས་མོལ་གྲོས་ཚོགས་དེ་ནུབ་བྱང་དགེ་ཐོན་སློབ་ཆེན་དུ་སྤེལ་བ་རེད། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམ་པ་དང་འབྲེལ་ཡོད་ཆེད་མཁས་དག་ཐེངས་འདིའི་གླེང་མོལ་གྲོས་ཚོགས་སུ་ཞུགས་པ་སྟེ། ལན་གྲུ་སློབ་ཆེན་གྱི་རབ་འབྱམས་པའི་དགེ་རྒན་ཆེན་མོ་ལེ་ཏཱ་དང་། 《མི་རིགས་རྩོམ་རིག་ཞིབ་འཇུག》རྩོམ་སྒྲིག་ཁང་གི་འགོ་གཙོ་ལིའུ་ཏཱ་ཤན། མིང་དུ་གྲགས་པའི་རྩོམ་པ་པོ་ཀྲོའོ་གྲིན་ཀོ་དང་སྐལ་བཟང་ཚེ་བརྟན། ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གི་ཞིབ་འཇུག་པའམ་རྩོམ་པ་པོ་བཀྲ་ཤིས་དོན་འགྲུབ་སོགས་མ་ཟད་ད་དུང་གང་མང་ཡོད་ཅིང་། བསྡོམས་པས་མི200ལྷག་འདུས་པ་རེད།
ཚོགས་འདུའི་ཡུལ་དངོས།
ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་ཏང་ཨུ་ཧྲུའུ་ཅི་ལིའུ་ཅི་ཡིས་བསྟན་དོན། ནུབ་བྱང་དགེ་ཐོན་སློབ་ཆེན་གྱིས་ལོ་ངོ100ལྷག་རིང་གི་སློབ་སྒྲུབ་བརྒྱུད་རིམ་ནང་། སྤྱི་ཚོགས་ལ་མཁོ་བའི་ཕྱོགས་ཡོངས་འབུར་ཐོན་མི་སྣ་སྐྱེད་སྲིང་བྱེད་པ་དམིགས་སུ་བཟུང་སྟེ“ཀན་སུའུ་སྙན་རྩོམ་གྱི་ཁྱིམ་གཞིས”དང“ཀན་སུའུ་རྩོམ་པ་པོའི་ཁྱིམ་གཞིས”ཀྱི་མཚན་སྙན་རྒྱས་པ་རེད། ཐེངས་འདིའི“ཀན་ལྷོའི་རྩོམ་རིག”ཅེས་པའི་རིག་གཞུང་གླེང་མོལ་གྲོས་ཚོགས་སྤེལ་བ་འདིས་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་ནུབ་རྒྱུད་རྩོམ་རིག་ཞིབ་འཇུག་བྱ་བ་དང་། ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་ཁྲིད་གཞིའི་འཛུགས་སྐྲུན་ཁ་ཕྱོགས་དང་རིག་གཞུང་ཞིབ་འཇུག་བྱ་བར་དོན་སྙིང་ཆེན་པོ་ལྡན་ཞིང་། ས་གནས་དང་མི་རིགས་ཀྱི་ཁྱད་འཕགས་རང་བཞིན་ལས། ཀན་ལྷོའི་རྩོམ་རིག་གྱིས་རྩོམ་པ་པོ་གང་མང་སྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་ཅིང་། ཀན་སུའུ་རྩོམ་རིག་དང་བོད་རིགས་རྩོམ་རིག ཐ་ན་ཀྲུང་གོའི་རྩོམ་རིག་ཁྱབ་ཁུངས་སུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་རེད།
རྩོམ་པ་པོ་རྣམས་ལྷན་དུ་པར་བསྐྱོན་པ།
གྲོས་ཐོག་ཏུ། འབྲེལ་ཡོད་ཆེད་མཁས་རྣམས་དང་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་དེང་རབས་རྩོམ་རིག་ཞིབ་འཇུག་ཆེད་ལས་ཞིབ་འཇུག་སློབ་མ་དག་གིས་ཀྲུང་གོའི་རྩོམ་རིག་གི་མིག་སྔར་དང་མ་འོངས་བགྲོད་ལམ། ནུབ་རྒྱུད་རྩོམ་རིག་དང་ནུབ་རྒྱུད་རྩོམ་རིག་དཔྱད་འཇོག ཀན་སུའུ་རྩོམ་རིག་གི་སྐྱེ་ཁམས་གནས་བབ། ཀན་སུའུ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གནས་བབ་དང་འཕེལ་འགྱུར། ཀན་ལྷོའི་རྩོམ་རིག་གི་གནས་བབ་དང་འཕེལ་རྒྱས། ཀན་ལྷོ་རྩོམ་རིག་གསར་རྩོམ་གྱི་རིག་གནས་བསྟན་དོན། ཀན་ལྷོ་མིའི་རིགས་རིག་པའི་ཐོན་ཁུངས་དང་རྩོམ་རིག་གསར་རྩོམ། ཀན་ལྷོའི་རྩོམ་རིག་གི་རྣམ་པ་སོགས་ཀྱི་ཆ་ནས་གྲོས་མོལ་དཔྱིས་ཕྱིན་པ་ཞིག་གནང་བ་རེད།
མཇུག་མཐར། ཆེད་མཁས་པ་རྣམས་ཀྱིས“ཀན་ལྷོ་ས་ཁུལ་གྱི་ཁྱད་འཕགས་ས་ཁུངས་དང་མི་རིགས། ཆོས་ལུགས་རིག་གནས། དེ་མིན་གནས་འདིར་སྡོད་པའི་མི་རིགས་སོ་སོའི་རྩོམ་པ་པོ་རྣམས་ཀྱིས་ཤུགས་རྐྱེན་འོག ནུབ་རྒྱུད་རྩོམ་རིག་གི་མ་འོངས་འཕེལ་ལམ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ‘ཀན་ལྷོའི་རྩོམ་རིག’གྲོས་མོལ་བྱས་པ་འདིས་ཀན་ལྷོའི་རྩོམ་རིག་གི་རྗེས་ཕྱོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་སྦྱིན་པ་དང་། མུ་མཐུད་དུ་སློབ་ཆེན་ཁག་དང་མཉམ་འབྲེལ་སྒོས་རིག་གཞུང་ཞིབ་འཇུག་བྱེད་པར་ལྷན་དུ་ཀན་སུའུ་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འཆམ་མཐུན་ངང་འཕེལ་པར་གོ་སྐབས་གསར་བ་སྐྲུན་དགོས”ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com