《ཀྲུང་གོའི་བོད་རིག་པའི་ལོ་རིམ་མེ་ལོང་》ཐོག་མར་པེ་ཅིན་ནས་འགྲེམ་སྤེལ་བྱས་པ།
ཀྲུང་གོའི་བོད་རིག་པའི་པར་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོའི་བོད་རིག་པའི་ལོ་རིམ་མེ་ལོང》(2009)ཚེས24ཉིན་ཐོག་མར་པེ་ཅིན་ནས་འགྲེམ་སྤེལ་བྱས།
《ཀྲུང་གོའི་བོད་རིག་པའི་ལོ་རིམ་མེ་ལོང》ལ་ཁྱོན་སྡོམ་ཡིག་འབྲུ་ཁྲི44ལྷག་ཡོད་པ་དང་། ནང་དོན་གཙོ་བོ་ནི་ཁྱད་རྩོམ་དང་ཞིབ་འཇུག་བསྡུས་བཤད། ཆེད་རྩོམ་དཀར་ཆག་སོགས་ཁག་ཆེན་པོ་གསུམ་དུ་བགོས་ཡོད། དེའི་ཁྲོད་ཁྱད་རྩོམ་ནང“1949ལོའི་ཚུན་གྱི་བོད་ལྗོངས་གནའ་རབས་ལོ་རྒྱུས་ཞིབ་འཇུག”སོགས་གཙོ་བོར་བཀོད་ཡོད་པ་དང་། ཞིབ་འཇུག་བསྡུས་བཤད་ནང“མཚན་ཉིད་རིག་པའི་ཆོས་ལུགས”དང“སྒྲ་རིག་པའི་ཞིབ་འཇུག” “ཆབ་སྲིད་བཅའ་ཁྲིམས།” “དཔལ་འབྱོར་སྤྱི་ཚོགས”དང“སྐྱེ་ཁམས་ཁོར་ཡུག” “རིག་གནས་སློབ་གསོ།” “སྐད་དང་ཡི་གེ།” “རྩོམ་རིག་སྒྱུ་རྩལ”དང“ལོ་རྒྱུས་དང་ས་རྒྱུས།” “བོད་སྨན་ཞིབ་འཇུག” “ཡིག་ཚགས་ཞིབ་འཇུག” “ཐའེ་ཝན་དང་ཞང་ཀང་བོད་རིག་པའི་ཞིབ་འཇུག”དང“མི་སྣ་ངོ་སྤྲོད།” “བོད་རིག་པའི་ལས་ཁུངས”སོགས་གཙོ་བོར་བཀོད་ཡོད། ཆེད་རྩོམ་དཀར་ཆག་ནང“བོད་རིག་པའི་དཔེ་དེབ་ཀྱི་དཀར་ཆག་གནད་བསྡུས”དང“བོད་རིག་པའི་ཆེད་རྩོམ་དཔྱད་གཞིའི་དཀར་ཆག་གནད་བསྡུས།” “ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་ཆེད་རྩོམ་གནད་བསྡུས་ཟུར་བཀོད”སོགས་གཙོ་བོར་བཀོད་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། 2010ལོའི་ཟླ་དང་པོར་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་འཚོགས་རྗེས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས《ཀྲུང་གོའི་བོད་རིག་པའི་ལོ་རིམ་མེ་ལོང》(2009)རྩོམ་སྒྲིག་བྱེད་པའི་མགོ་ཚུགས་པ་དང་། ལོ་རིམ་མེ་ལོང་དེའི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཡོངས་ས་གནས་སོ་སོ་ནས་ཕེབས་པའི་བོད་རིག་པའི་མཁས་པས་གྲུབ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com