སྡེ་དགེ་པར་ཁང་གིས《གླིང་སྒྲུང》སྲོལ་རྒྱུན་ཤིང་བརྐོས་ལྟར་བརྐོ་རྩིས་ཡོད་པ།

རྩོམ་པ་པོ།: སྒྲོལ་མ། ཡོང་ཁུངས།:བོད་མིའི་རིག་གནས་དྲ་བ། དུས་ཚོད།:2011-05-29 22:10:00 ཀློག་གྲངས།:


བོད་ཀྱི་རིག་གནས་བང་མཛོད་དེ་སྡེ་དགེ་པར་ཁང་།

           སྡེ་དགེ་པར་ཁང་གིས་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་ངག《གླིང་སྒྲུང》གི་བརྗོད་བྱ་གཙོ་བོ་དེ་ཐོག་མར་སྲོལ་རྒྱུན་གྱི་ཤིང་བརྐོས་ལྟར་བརྐོ་རྒྱུ་ཡིན་ཞིང་། ལས་གཞི་དེ་ཟླ་ལྔ་བའི་ཟླ་མཇུག་ནས་བཟུང་མགོ་རྩོམ་རྒྱུ་རེད།
            སྡེ་དགེ་པར་ཁང་གི་བོད་ཀྱི་པར་བརྐོའི་ལག་རྩལ་པའི་རྒྱུད་འཛིན་པ་དང་པོ་ཕུན་ཚོགས་ཚེ་རིང་ལགས་སོགས་སྒྱུ་རྩལ་པ་རྒན་པ་མང་པོས་མཉམ་འབྲེལ་ངང་གླིང་སྒྲུང་གི《རྟ་རྒྱུག་རྒྱལ་འཇོག》སོགས་པར་ཤིང500ཙམ་གྱི་སྟེང་བརྐོ་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན་ལས་གཞི་དེ་སང་ལོའི་ཟླ10བའི་ནང་ལེགས་འགྲུབ་ཡོང་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།