ཁྲི་ཀ་བཅའ་སྡོད་སློབ་གྲྭའི་དགེ་རྒན་གཅན་ཚའི་མི་རིགས་སློབ་འབྲིང་གཉིས་པར་གཟིགས་ཞིབ་ཏུ་ཕེབས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-04 09:18:00 ཀློག་གྲངས།:


དགེ་རྒན་རྣམས་ཀྱིས་བསམ་བློ་བརྗེ་རེས་བྱེད་པ།

          2011ལོའི་ཟླ5བའི་ཚེས25ཉིན་གྱི་ཞོགས་པའི་ཆུ་ཚོད6གི་སྟེང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་སྐད་ཡིག་གི་དགེ་རྒན40ལྷག་གིས་རེ་བ་སྣུམ་པོ་རུམ་གང་དང་བདེན་གཏམ་དྲོན་མོ་སེམས་གང་ཉར་ཞོར་གཅན་ཚ་རྗོང་མི་རིགས་སློབ་འབྲིང་གཉིས་པར་གཟིགས་ཞིབ་ཏུ་ཕེབས་པ་རེད།


གཅན་ཚའི་དགེ་རྒན་རྣམ་པ།

            ཆུ་ཚོད10:30སྟེང་ཁྲི་ཀ་བཅའ་སྡོད་སློབ་གྲྭའི་བོད་ཡིག་དགེ་རྒན་རྣམས་ཁག3དུ་བགོས་ཏེ་སློབ་གྲྭ་དེའི་བོད་ཡིག་དགེ་རྒན3གྱི་སློབ་ཁྲིད་ལ་ཉན། ཉན་པའི་གོ་རིམ་ཁྲོད་སྣང་བརྙན་གསོན་པོ་ཞིག་བསྐྲུན་པ་ནི་ས་དེ་གའི་སློབ་མ་ཚོའི་ཞུམ་མེད་ཀྱི་སྤོབས་པ་དང་དགེ་རྒན་ཚོའི་རྨང་མཐུག་པའི་བོད་ཡིག་གི་ཆུ་ཚད། ཁྱད་པར་སྒོས་ནང་ཕྱོགས་ཀྱི་བོད་རང་གི་ཁ་དོག་དང་བྲོ་བ་མ་ཡལ་བའི་ཁྱམས་རའི་རིག་གནས་སོགས་རེད།   ཆུ་ཚོད11:20སྟེང་དངོས་སུ་བོད་སྐད་ཡིག་གི་བགྲོ་གླེང་སྤེལ་འགོ་ཚུགས་ཤིང་།  ཐོག་མར་སློབ་གཙོ་ཁྲི་བསོད་རྡོ་དང་དོ་རྒྱ་བསོད་ཚེ་རྣམ་གཉིས་ཀྱིས་རང་རང་གི་སློབ་གྲྭ་མཚམས་སྦྱོར་དང༌།  མིག་སྔར་བོད་ཀྱི་སློབ་གསོའི་གནས་བབ་དང་འབྲེལ་བོད་ཡིག་དགེ་རྒན་གྱི་འགན་འཁྲི།  མི་གཤིས་དང་གཞན་ཕན་གྱི་ལྷག་བསམ། མདོར་ན་ལེགས་ཉེས་བླང་དོར་གྱི་གནད་དམ་པ་རྙེད་དགོས་པའི་གལ་ཆེན་རང་བཞིན་སྐོར་གྱི་གསུང་བཤད་མང་པོ་གནང༌།  དེར་མཐུད་དགེ་གྲོགས་ཕན་ཚུན་དབར་སྦ་གསང་མེད་པར་སློབ་ཁྲིད་ཀྱི་ཉམས་མྱོང༌། བོད་ཡིག་ལ་བཟུང་བའི་ལྟ་བ། རིག་གནས་ཀྱི་དགོས་མཁོ། སློབ་གསོའི་འདུ་ཤེས་སོགས་ལྷུག་པོར་བརྗོད།


ཁྲི་ཀའི་དགེ་རྒན་རྣམ་པ།

            ཐེངས་འདིའི་བགྲོ་གླེང་ཁྲོད་ངེས་ཤེས་ཟབ་མོ་ཞིག་དང་ཁག་དཔུང་གསོན་པོ་ཞིག་བསྩལ་བྱུང་བས་མ་འོངས་པར་ཁྲི་ཀའི་བོད་ཀྱི་སློབ་གསོའི་གནས་བབ་གསར་བ་ཞིག་བཞེངས་སྐྲུན་བྱེད་པར་སྒོ་ཀུན་ནས་འབད་པ་བྱེད་རྒྱུ་གལ་ཆེ་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།