རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས“རེ་བའི་བུམ་པ”རྩོམ་ཡིག་འགྲན་བསྡུར་སྤེལ་བ།
སློབ་གཙོ་རྒན་བཟོད་པ་ལགས་ཀྱིས་གཏམ་བཤད་བཞིན་པ།
རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི《རྨ་ཆུའི་རླབས་སྒྲ》རྩོམ་སྒྲིག་ཁང་གིས་སློབ་རའི་རིག་གནས་འཚོ་བ་ཇེ་རྒྱས་དང་སློབ་མའི་རྩོམ་འབྲིའི་ནུས་རྩལ་ཇེ་མཐོར་གཏོང་ཆེད“རེ་བའི་བུམ་པ”ཞེས་པའི་སློབ་མའི་སྦྱང་རྩོམ་འགྲན་བསྡུར་བྱས་པ་ཡིན་ལ། འདི་ནི2010ལོའི་སྟོན་ཁར《རྨ་ཆུའི་རླབས་སྒྲ》རྩོམ་སྒྲིག་ཁང་གསར་དུ་བཙུགས་ཚུད་ཀྱི་རྩོམ་ཡིག་འགྲན་བསྡུར་ཐེངས་དང་པོ་ཡིན།
མཐོ་འབྲིང་རིམ་པའི་ཨང་གཉིས་པ་ཐོབ་པའི་སློབ་གྲོགས་ཁྲོ་སྨད་གོས་ཕྲུག་དང་བློ་བཟང་སྦྱིན་པ།
ཟླ5བའི་ཚེས22ཉིན་གྱི་ཕྱི་དྲོ་སློབ་གྲྭའི་ཚོམས་ཆེན་ཁང་དུ་བྱ་དགའི་མཛད་སྒོ་སྤེལ་ཞིང་ཚོགས་ཐོག་ཏུ་སློབ་གྲྭའི་རྒན་སེང་མགུལ་མ་ནི་དོན་གྲུབ་ལགས་ཀྱིས《རྨ་ཆུའི་རླབས་སྒྲའི》འདས་མ་ད་གསུམ་གྱི་ཀྱག་ཀྱོག་གི་བགྲོད་ལམ་དང་ཁ་ཕྱོགས། འཆར་གཞི་སོགས་ངོ་སྤྲོད་བྱས་ལ། རྒན་འཇམ་དབྱངས་བློ་གྲོས་ལགས་ཀྱིས་ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་གྱི་མགོ་མཇུག་བར་གསུམ་གྱི་བྱ་བ་སྤྱི་སྡོམ་བྱས།
རྒན་སེང་མགུལ་མ་ནི་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།
ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ནི་མཐོ་འབྲིང་དང་དམའ་འབྲིང་གཉིས་སུ་དགར་ཏེ་སློབ་མ་རང་རང་གི་རྩོམ་ཡིག་གི་སྨྱུག་རྩལ་ངོམ་སའི་གར་སྟེགས་ཤིག་མཁོ་སྤྲོད་བྱས་པ་ཡིན་ལ་གར་སྟེགས་དེར་བརྒྱུད་དེ་མཐོ་གཉིས་གསུམ་པའི་སློབ་གྲོགས་སྒྲོལ་མ་འཚོ་དང་དམའ་གསུམ་གཉིས་པའི་སློབ་གྲོགས་ཚེ་རིང་དོན་འགྲུབ་གཉིས་ལ་བྱ་དགའ་ཨང་དང་པོ་དང་། མཐོ་གཉིས་གཉིས་པའི་སློབ་གྲོགས་ཁྲོ་སྨད་གོས་ཕྲུག་དང་། དམའ་གསུམ་བཞི་བའི་སློབ་གྲོགས་འཇིགས་བྱེད་སྐྱབས། དམའ་གསུམ་དང་པོའི་སློབ་གྲོགས་དབང་ལྡན་གསུམ་ལ་བྱ་དགའ་ཨང་གཉིས་པ་དང་། མཐོ་གཉིས་བཞི་བའི་སློབ་གྲོགས་བློང་བཟང་སྦྱིན་པ་དང་། དམའ་གཉིས་ལྔ་བའི་སློབ་གྲོགས་ཡེ་ཤེས་ཆོས་གྲགས། དམའ་གཉིས་བཞི་བའི་སློབ་གྲོགས་དགེ་མི་འགྱུར་ཚེ་རིང་དོན་འགྲུབ། དམའ་གསུམ་བརྒྱད་པའི་སློབ་གྲོགས་དངོས་གྲུབ་སྒྲོལ་མ་བཅས་ལ་བྱ་དགའ་ཨང་གསུམ་པ་དང་། དམའ་ཅིག་དགུ་བའི་སློབ་གྲོགས་བག་ཚེ་སྐྱབས་དང་དམའ་གཅིག་བརྒྱད་པའི་སློབ་གྲོགས་དོན་འགྲུབ་སྒྲོལ་མ་དང་དམའ་གསུམ་དྲུག་པའི་སློབ་གྲོགས་བཀྲ་ཤིས་རྡོ་རྗེ་བཅས་སློབ་གྲོགས་དྲུག་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
སློབ་རའི་སྙན་ངག་པའི་མཚན་སྙན་ཐོབ་པའི་སློབ་གྲོགས་བློ་བཟང་བཀྲ་ཤིས།
བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་བོད་ཀྱི་རྩོམ་རིགས་གསར་བའི་དེད་དཔོན་དཔལ་དོན་གྲུབ་རྒྱལ་གྱི་གསུང་རྩོམ་པོད་དྲུག་མ་རེ་ཕུལ་ལ། བྱ་དགའ་ཨང་གཉིས་པ་ཐོབ་མཁན་ལ་མཁས་བའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་ལྔ་ཅན་རེ་དང་། བྱ་དགའ་ཨང་གསུམ་པ་ཐོབ་མཁན་ལ་མཁས་བའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གསུམ་ཅན་རེ།ཕུལ་བྱུང་བྱ་དགའ་ཐོབ་མཁན་ལ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རེ་ཕུལ་ཏེ་བོད་ཀྱི་རླབས་ཆེན་གྱི་སྐྱེ་བུ་དམ་པ་དེ་དག་གི་སྙིང་སྟོབས་དང་བརྩོན་སེམས། རྣམ་དཔྱོད་དང་བློ་གྲོས་ལ་རྗེས་སུ་ཡི་རངས་དང་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཚོགས་འདུ་གྲོལ་བའི་ཚོགས་རའི་རྣམ་པ།
མཇུག་མཐར་སློབ་གྲྭའི་སློབ་གཙོ་གཞོན་པ་རྒན་བཟོད་པ་ལགས་ཀྱིས་རྩོམ་རིགས་ཀྱི་གལ་ཆེ་རང་བཞིན་དང་སྐུལ་འདེད་རང་བཞིན་བཅས་ནས་གླེང་སྟེ་རྗེས་ཕྱོགས་སློབ་གྲོགས་ཚང་མས་རྩོམ་རིགས་ཀྱི་བྱ་བ་འདིར་མཐོང་ཆུང་དང་སྣང་མེད་མི་བྱེད་པར་རང་ནུས་འདོན་སྤེལ་དང་ཤུགས་སྣོན་བྱེད་དགོས་པ་གལ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་སྐུལ་མ་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com