《 སྲོག་མདུད 》ཅེས་པའི་མིང་བརྡ་གསར་བའི་འགྲན་བསྡུར་འཚོགས་པ།

རྩོམ་པ་པོ།:ཏིང་འཛིན་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-07 10:23:00 ཀློག་གྲངས།:


《 སྲོག་མདུད 》

            བོད་མི་རིགས་ཀྱི་ཕ་མེས་ཡང་མེས་རིང་ནས་བླ་རུ་བསྟད་ཅིང་སྲོག་ཏུ་བཀུར་བའི་ཕ་སྐད་མ་ཡིག་གཙང་མ་དེ། མི་རབས་འདིའི་ངག་ནས་ཕ་སྐད་རིན་ཆེན་གསེར་ནག་གྱི་གཟི་མདངས་ཉམས་ཤིང་། མ་ཡིག་དྭངས་གཙང་འོ་མའི་གསུང་ཞིམ་ཡལ་གྱིན་འདུག་ལ། ཕ་སྐད་མ་ཡིག་འདི་མི་ཞིག་ཡིན་པའི་དབང་དུ་བཏང་ན། འཕེལ་རྒྱས་ཀྱི་རླུང་འཚུབ་དྲག་ཏུ་རྒོད་པའི་དུས་གསར་འདིར་ཁོ་རང་རྐང་རྡུམ་ལག་ཞ་དང་ཁ་ཆག་སྣ་རལ་ཞིག་ཏུ་བཏང་ཚར་ནས་འདུག་པའི་སྐབས་འདིར། མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཕ་སྐད་མ་ཡིག་གསོང་བོར་སྨྲ་བའི《 སྲོག་མདུད 》ཅེས་པའི་མིང་བརྡ་གསར་བའི་འགྲན་བསྡུར་ཐེངས་ཤིག་སྤེལ་བ་རེད། 


ཕ་སྐད་ཀྱི་མིག་ཆུ།

             ཐེངས་འདིའི་འགྲན་བསྡུར་ལ་བོད་སྐད་ཡིག་གཅིག་གྱུར་ལ་གཞོལ་བ་དང་བོད་སྐད་སྨྲ་བ་ཐམས་ཅད་ཀྱིས་ཕ་སྐད་གཙང་མ་ཞིག་སྨྲ་བའི་ཆེད་དུ་རྩོམ་སྒྲིག་མཛད་པའི《 རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད 》གཞི་བྱས་ཤིང《ང་ཚོས་མཉམ་དུ་ཕ་སྐད་བཤད 》དང《ཕ་སྐད་སྨྲ་བའི་ལྷན་གྲོགས》 《 རྒྱུན་བཀོལ་ཐ་སྙད་ཕྱོགས་སྒྲིག 》སོགས་ཀྱིས་ཟུར་རྒྱན་བྱས་པ་རེད། 


 སྐད་ཡིག་རིན་ཆེན་སྐྱོང་བར་གྱིས་ཤིག

             ཐེངས་འདིའི་འགྲན་བསྡུར་འདི་བརྒྱུད་ནས་བོད་རིགས་སློབ་མ་ཡོངས་ཀྱིས་བསྲེས་སྐད་དམ་སྦྲགས་སྐད་བཤད་རྒྱུ་ལས་རིང་དུ་གྱེས་ནས་ཕ་སྐད་མ་ཡིག་གཙང་མ་ཞིག་བཤད་རྒྱུར་དམིགས་པ་ཡིན་ཞིང་། བོད་མིའི་བླ་སྲོག་འདི་རྒྱུད་འཛིན་དང་སྔར་ལས་དར་སྤེལ་གཏོང་ཆེད་སྤེལ་པའང་ཡིན་པས། འདིའང་བོད་སྐད་བོད་ཡིག་གི་དྭངས་གཙང་ལྷད་མེད་ཀྱི་རང་གཤིས་དྭངས་མ་སྲུང་བ་ཡིན་ཕྱིན་དགེའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།