བོད་ལྗོངས་ཀྱིས་བོད་ཀྱི་སྐོར་བྲོ་སློབ་གྲྭའི་ལུས་རྩལ་ནང་བླངས་པ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།: ཤིན་ཧྭ་གསར་འགྱུར་ཁང་། དུས་ཚོད།:2011-06-11 08:38:00 ཀློག་གྲངས།:

            བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ཐིང་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་སློབ་གྲྭ་ཁག་སོ་སོར་དགའ་སྤྲོའི་ངང་ལུས་རྩལ་སྦྱོང་བརྡར་བགྱི་བའི་བྱ་འགུལ་སྤེལ་ནས།  སློབ་མ་རྣམས་རྩལ་སྦྱོང་ར་བ་དང་ཉི་འོད་ཀྱི་འོག་ཏུ་ཁྲིད་དེ་ལུས་རྩལ་སྦྱོང་བརྡར་བྱེད་དུ་འཇུག་པའི་རླབས་རྒྱུན་ཞིག་འཕྱུར་བ་རེད།
            བོད་ལྗོངས་ཀྱི་སློབ་གྲྭ་ཁག་སོ་སོས་ཕྱོགས་ཡོངས་ནས་མཐོ་སྒང་གི་གཞོན་ནུ་རྣམས་ཀྱི་ཁྱད་ཆོས་དང་འཚམ་པའི་ལུས་རྩལ་སློབ་ཁྲིད་བྱེད་ཐབས་དང་བྱ་འགུལ་སྤེལ་སྟངས་འཚོལ་ཞིབ་བྱས་ཏེ། སྐོར་བྲོ་དང་སློབ་རའི་ནང་གི་མི་མང་པོས་འཁྲབ་པའི་ཞབས་བྲོ་སོགས་སློབ་གྲྭའི་ལུས་རྩལ་བྱ་འགུལ་ནང་བླངས་ཡོད།
            བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གིས་ཕྱོགས་ཡོངས་ནས་ཉིན་རེར་“རྩལ་སྦྱོང་གཉིས་དང་བྱ་འགུལ་གཉིས་”ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ།   ཉིན་རེ་བཞིན་ཞོགས་རྩལ་སྦྱོང་བ་དང་མིག་དབང་བདེ་སྲུང་སྦྱོང་བརྡར་བྱེད་པ་མ་ཟད་སྔ་དྲོའི་ཆུ་ཚོད་སྐར་མ་༢༥ནས་༣༠སྤྱད་དེ་ཐུན་གསེང་བྱ་འགུལ་སྤེལ་རྒྱུ་རེད།  གལ་སྲིད་ཉིན་དེར་ལུས་རྩལ་སློབ་ཐུན་མེད་ཚེ་ཕྱི་དྲོར་སློབ་ཐུན་གྲོལ་རྗེས་ངེས་པར་དུ་སློབ་མ་རྣམས་རྩ་འཛུགས་བྱས་ནས་ཆུ་ཚོད་གཅིག་གི་རིང་ལ་ཚང་མས་མཉམ་དུ་ལུས་རྩལ་སྦྱོང་བརྡར་བྱ་དགོས།
            ད་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ལོ་གསུམ་རེའི་ནང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལུས་རྩལ་འགྲན་ཚོགས་རེ་འཚོགས་རྒྱུ་ཡིན་ཞིང་། ལོ་བཞི་རེའི་ནང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་རེ་འཚོགས་རྒྱུ་དང་།    སློབ་གྲྭ་ཁག་གིས་ལོ་རེ་རེར་དུས་བཅད་ལྟར་དཔྱིད་དུས་དང་སྟོན་དུས་ཀྱི་ལུས་རྩལ་འགྲན་ཚོགས་གཉིས་འཚོགས་ནས། མི་རེ་རེ་ལ་རྩལ་སྦྱོང་གི་རྣམ་གྲངས་ཡོད་པ་དང་འཛིན་གྲྭ་རེ་རེ་ལ་ལུས་རྩལ་བྱ་འགུལ་ཡོད་པ། སློབ་གྲྭ་རེ་རེ་ལ་ལུས་རྩལ་སྦྱོང་བརྡར་གྱི་ཁྱད་ཆོས་ཡོད་པ་བཅས་བྱས་ནས་ལང་ཚོ་དང་གསོན་ཤུགས་རྒྱས་པའི་སློབ་རའི་རྩལ་སྦྱོང་གི་ཁོར་ཡུག་ཅིག་ཆགས་པ་བྱ་རྒྱུ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།