མཚོ་སྔོན་གྱིས་ཐོག་མར་སྤེལ་བའི་གཞོན་དར་རྩོམ་པ་པོའི་དཔེ་ཀློག་འཛིན་གྲྭ་དེ་ཁྲི་ཀ་རྫོང་ནས་བསྒྲུབས་པ།

རྩོམ་པ་པོ།:གཡང་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-06-15 10:08:00 ཀློག་གྲངས།:

           མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་གཞོན་དར་རྩོམ་པ་པོའི་དཔེ་ཀློག་འཛིན་གྲྭ་དེ་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ཁྲི་ཀ་རྫོང་ནས་བསྒྲུབས་ཤིང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། མིང་དུ་གྲགས་པའི་སྙན་ངག་པ་ཅི་ཏེ་མ་ཅ་དང་། རྩོམ་པ་པོ་གྲགས་ཅན་ལིས་ཅིན་ཙིག བང་བུན་ལུའུ། པཎ་ཁོ ཕན་ཁེ་ཞོང་། ཧན་ཞའོ་ཧོས། ཀྲུའུ་ཡན་ལིན། སུའུ་ཏུའུ་ཡུའུ། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་དང་མཁས་པ་ཕུའུ་བུན་ཁྲིན། མ་ཅོན། ཀུའུ་ཡེའོ་སོགས་ཀྱིས་ཐེངས་འདིར་སློབ་ཁྲིད་བྱེད་རྒྱུ་ཡིན་པ།
            གཞོན་དར་རྩོམ་པ་པོའི་དཔེ་ཀློག་འཛིན་གྲྭ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པཎ་ཁོ་ཡིས་འཛིན་གྲྭ་བསྒྲུབས་པའི་མཛད་སྒོའི་སྟེང་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདས་པའི་དུས་སུ། མི་རིགས་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་ཞིང་མི་དམངས་མང་ཚོགས་ཀྱིས་ཀློག་སྤྲོ་བའི་བརྩམས་ཆོས་མང་པོ་ཞིག་བརྩམས་གནང་མཛད་དེ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སྒྱུ་རྩལ་དར་རྒྱས་གོང་འཕེལ་གྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།