《རང་གྲོལ》དུས་དེབ་རྨ་ལྷོ་ནས་གསར་སྒྲིག་འགྲེམ་སྤེལ་བྱེད་རྩིས་ཡོད་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:བོད་མིའི་རིག་གནས་དྲ་བ།  དུས་ཚོད།:2011-06-20 09:00:00 ཀློག་གྲངས།:

  ཀྲུང་གུང་རྨ་ལྷོ་ཁུལ་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཚགས་པར་ཁང་གིས་འགན་ལེན་བྱས་པའི་བོད་ཡིག་རྩོམ་རིག་རྐྱང་བའི་དུས་དེབ《རང་གྲོལ》ཞེས་པ་གསར་སྒྲིག་དང་པར་སྐྲུན་འགྲེམ་སྤེལ་བྱེད་རྩིས་ཡོད་པ་རེད།
  བོད་ཀྱི་དེང་རབས་རྩོམ་རིག་གི་ཤིང་རྟའི་སྲོལ་འབྱེད་མཁན་སྐུ་ཞབས་དོན་གྲུབ་རྒྱལ་རྗེས་སུ་དྲན་པའི་ཆེད་དང་། བོད་ཀྱི་རྩོམ་རིག་གོང་དུ་སྤེལ་བར་བསམ་བློ་བརྗེ་རེས་དང་ཕན་ཚུན་མཉམ་འབྲེལ་བྱེད་པའི་ཁོར་ཡུག་ཞིག་བསྐྲུན་ཆེད། རྨ་ལྷོ་ཁུལ་དྲིལ་བསྒྲགས་པུའུ་དང་། རྨ་ལྷོ་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་ལོ་ཕྱེད་རིང་དུ་འཆར་འགོད་དང་གྲ་སྒྲིག་བྱས་མཐར། སྐུ་ཞབས་དོན་གྲུབ་རྒྱལ་གྱི་པུར་མིང་སྟེ“རང་གྲོལ”ཞེས་པ་དུས་དེབ་ཀྱི་མིང་དུ་བཀོད་པའི་དུས་དེབ་ཞིག་ད་ལོའི་ཟླ6པར་དངོས་སུ་གསར་སྒྲིག་འགྲེམ་སྤེལ་བྱེད་པར་ཐག་བཅད།
  《རང་གྲོལ》དུས་དེབ་ཏུ་བརྩམས་སྒྲུང་དང་། སྙན་ངག ལྷུག་རྩོམ། དཔྱད་བརྗོད། གསུང་རྩོམ་གྲགས་ཅན། རྩོམ་རིག་གླེང་སྟེགས་སོགས་ཀྱི་ལེ་ཚན་ཡོད་ལ། བོད་ཀྱི་རྩོམ་པ་པོ་དང་རིག་གནས་བ་མིང་གྲགས་ཅན་ཁ་ཤས་ཀྱིས་རྩོམ་སྒྲིག་ལས་འགན་བཞེས་རྒྱུ་ཡིན་པ་མ་ཟད། དུས་དེབ་དེ་རྩོམ་ཡིག་འདེམས་སྒྲིག་གི་ཚུལ་དུ་པར་སྐྲུན་འགྲེམ་སྤེལ་བྱེད་རྩིས་ཡོད་པ་རེད།
  རྒྱུས་ལོན་བྱས་པ་ལྟར་ན། 《རང་གྲོལ》དུས་དེབ་གསར་སྒྲིག་མཛད་སྒོ་ཟླ6པའི་ཚེས25ཉིན་བསྡུ་རྩིས་ཡོད་ལ། སྐབས་དེར་ད་དུང་རྒྱལ་ཡོངས་སློབ་ཆེན་སློབ་མའི་བོད་ཡིག་སྙན་ངག་འགྲན་བསྡུར་གྱི་བྱ་དགའ་གནང་བའི་མཛད་སྒོའང་སྤེལ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།