《བོད་རིགས་སྐྱེས་པའི་ཞབས་བྲོ་བའི་འཛིན་གྲྭའི་སློབ་དེབ》འགྲེམ་སྤེལ་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-06-21 11:34:00 ཀློག་གྲངས།:


སྒོར་གཞས་འཁྲབ་བཞིན་པ།

            ཟླ6པའི་ཚེས19ཉིན་གྱི་སྔ་དྲོར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞབས་བྲོའི་སྡེ་ཁག་གིས《བོད་རིགས་སྐྱེས་པའི་ཞབས་བྲོ་བའི་འཛིན་གྲྭའི་སློབ་དེབ་》སྤྱན་འབུལ་འཁྲབ་སྟོན་བྱས།


ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲྭའི་གྲོགས་མཆེད་ཚོས་དགེ་རྒན་ཚོ་དང་མཉམ་དུ་པར་བསྐྱོན་བཞིན་པ།

            སྐྱེས་པའི་འཛིན་གྲྭའི་སློབ་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་བསྟན་འཛིན་རྡོ་རྗེས་ངོ་སྤྲོད་གནང་པ་ལྟར་ན། 《སློབ་དེབ》འདིའི་རྒྱུ་ཆའི་ཡོང་ཁུངས་གཙོ་བོ་བོད་ཁུལ་གྱི་དམངས་གཞས་བྲོ་གར་ཡིན་པ་དང་། བསྡུ་སྒྲིག་བྱ་ཡུལ་གཙོ་བོ་མཚོ་སྔོན་གྱི་ཡུལ་ཤུལ་དང་། བོད་ལྗོངས་ཀྱི་ནག་ཆུ། མངའ་རིས། ལྷོ་ཁ། སི་ཁྲོན་གྱི་དཀར་མཛེས་ས་ཁུལ་སོགས་རེད།


བོད་རིགས་སྐྱེས་པ་དང་སྐྱེས་མའི་འཛིན་གྲྭའི་སློབ་དེབ།

            ད་ཐེངས《སློབ་དེབ》འདི་པར་སྐྲུན་ལེགས་འགྲུབ་བྱུང་བ་ཡིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མི་རིགས་བྲོ་གར་ཏེ《བོད་རིགས་སྐྱེས་པའི་ཞབས་བྲོ་བའི་འཛིན་གྲྭའི་སློབ་དེབ》ཀྱི་སྟོང་ཆ་བསྐངས་པ་རེད།


སློབ་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་བསྟན་འཛིན་རྡོ་ལགས།

            ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་བདུན་གྱིས་སྐུ་མགྲོན་ཚོར་སློབ་དེབ་འཁྲབ་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞབས་བྲོའི་སྡེ་ཁག་གི《བོད་རིགས་སྐྱེས་མའི་ཞབས་བྲོ་བའི་འཛིན་གྲྭའི་སློབ་དེབ》2002ལོར་པར་སྐྲུན་བྱས་པ་དང་། སློབ་དེབ་དེའི་རྩོམ་སྒྲིག་པ་གཙོ་བོ་ནི་དགེ་རྒན་ཆེན་མོ་ཚེ་རིང་བཟང་མོ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།