རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་སློབ་ཞོར་རིག་རྩལ་འཁྲབ་སྟོན་སྤེལ་པ།

རྩོམ་པ་པོ།:ཀྱེ་ཕུར་མཆོག་གསུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-23 08:53:00 ཀློག་གྲངས།:


མདོ་འཛིན་པས་སྨྲ་ལྕེ་དབྱངས་ལ་འགུག་བཞིན་པ། 

འཁྲབ་གཞུང་སུ་རུ་མེ་ཏོ་གི་འཁྲབ་སྟོན་ཡུལ་དངོས།

            བོད་མི་རིགས་ནི་གླུ་གར་གྱི་རྒྱ་མཚོ་རུ་འབོད་ལ།  བོད་མི་ཞིག་ཡིན་ཕྱིན་འགྲོ་ཤེས་པ་ནས་བྲོ་འཁྲབ་ཤེས་པ་དང་སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་པའི་ངག་རྒྱུན་ཞིག་ཀྱང་ཀུན་ཏུ་གྲགས་འདུག་པ་ཡིན་ནམ།   ལྷག་པར་དུ་རྨ་ཆུ་རྩྭ་ཐང་ནི་རྡུང་ལེན་སྒྱུ་རྩལ་གྱི་ཕ་ས་དང་དམངས་ཁྲོད་རིག་གནས་སྔོག་འདོན་དང་དར་སྤེལ་གཏོང་སའི་གནས་གཞི་ཞིག་ཏུའང་བརྩི་བཞིན་ཡོད།


འཁྲབ་གཞུང་སུ་རུ་མེ་ཏོག་གི་འཁྲབ་སྟོན་ཡུལ་དངོས།

སུ་རུ་མེ་ཏོག་གི་འཁྲབ་སྟོན་པ་ཡོངས།

ལོ་སར་གྱི་མཚན་མོ་ཞེས་པའི་གར་ཆུང་འཁྲབ་པ།

            ཐེངས་འདིའི་བྱ་འགུལ་དུའང་སློབ་གྲོགས་རྣམས་ཀྱིས་རང་འགུལ་སྒོས་སྒྲིག་སྦྱོར་དང་འཁྲབ་ཁྲིད་སོགས་བྱས་པའི་གླུ་དབྱངས་དང་འཁྲབ་གཞུང་། གར་ཆུང་དང་ཞབས་བྲོ་སོགས་རིགས་མང་པོ་འཁྲབ་སྟོན་བྱས་ཏེ་རྒྱ་ཆེའི་དགེ་སློབ་ཡོངས་ལ་ངོ་མཚར་ཞིང་ཡིད་འཕྲོག་པའི་རྩེ་མོ་མང་པོ་འཁྲབ་སྟོན་བྱས་ལ་བོད་པའི་དམངས་ཁྲོད་ཀྱི་རིག་གནས་དང་གྱོན་གོས་སྐོར་ཞིག་ལ་རྗེས་དྲན་དང་སྔོག་འདོན་གྱིས་ཚུལ་དུ་སྤེལ་ཅིང་།   ལྷག་པར་དུ་སློབ་གྲོགས་བདུད་འདུད་དང་གོས་ཕྲུག་སོགས་ཀྱིས་འཁྲབ་སྟོན་བྱས་པའི་འཁྲབ་གཞུང་སུ་རུ་མེ་ཏོག་དང་སློབ་གྲོགས་ཚེ་རིང་རྒྱ་མཚོ་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གར་ཆུང་ལོ་སར་གྱི་མཚན་མོ་བཅས་ལ་དགེ་སློབ་ཐུན་མོང་གིས་དགའ་བསུ་རྒྱ་ཆེར་ཐོབ།


སྟངས་སྟབས་མིག་ལ་སྐྱེན་པའི་དེང་རབས་ཞབས་བྲོ།

བྱ་འགུལ་རྩ་འཛུགས་པ་རྣམས་ཀྱིས་བྱ་དགའ་གནང་བ།

གླུ་ངག་གི་དབྱངས་རྟ་སྲིད་མཐོར་སྒྲོགས་བཞིན་པའི་གླུ་བ་འཕགས་པ་ཚེ་རིང་།

            འཁྲབ་སྟོན་འདི་ལས་བོད་མི་རིགས་ཀྱི་ཐུན་མིན་གྱི་ཁྱད་ཆོས་དང་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མའི་ནུས་པ་དང་འཇོན་ཐང་སྔོག་འདོན་བྱས་ཡོད་ལ།  གླུ་གར་གྱི་རྒྱ་མཚོར་འབོད་པའི་ཡུལ་གྲུ་འདིར་སྔར་མེད་ཀྱི་བདེན་ཁ་ཞིག་ཀྱང་ཞོར་དུ་བསྩལ་སོང་སྙམ། ཐེངས་འདིའི་འཁྲབ་སྟོན་ནི་གཅིག་ནས་སློབ་མའི་ལུས་སེམས་བདེ་བ་དང་སློབ་སྦྱོང་གི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་ཆེད་དང་།   གཉིས་སུ་ཏང་གི་འཁྲུངས་སྐར་ལ་ཕུལ་བའི་ཤིས་ཚིག་ཞིག་ཀྱང་ཡིན།
            འཁྲབ་སྟོན་མཇུག་རྫོགས་རྗེས།    རྩ་འཛུགས་པ་རྣམས་ཀྱིས་གོ་རིམ་བཞིན་འོས་འཚམ་གྱིས་བྱ་དགའ་གནང་སྟེ་སློབ་གྲོགས་རྣམས་ལ་སྐུལ་འདེད་བྱས་པ་དང་སློབ་གྲྭའི་དགེ་རྒན་དང་དེང་རབས་ཀྱི་མིང་དུ་གྲགས་ཀྱིན་པའི་གསར་སྐྱེས་གླུ་བ་འཕགས་པ་ཚེ་རིང་གིས་བཀྲ་ཤིས་པའི་བསྟོད་གླུ་ཕུལ་ཏེ་སྤྲོ་ཚོགས་ཡོངས་སུ་མཇུག་རྫོགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།