པེ་ཅིན་འགྲིམ་འགྲུལ་སློབ་ཆེན་དུ་སམ་བྷོ་ཊའི་བོད་ཡིག་ཤེས་བྱའི་འགྲན་བསྡུར་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-24 14:52:00 ཀློག་གྲངས།:


སྐབས་གཉིས་བའི་བོད་ཡིག་ཤེས་བྱ་འགྲན་བསྡུར།


སྣེ་ལེན་བྱེད་མཁན་སློབ་མ་གཉིས། 

བོད་ཡིག་དགེ་རྒན་གྱིས་འཆད་ཁྲིད་བྱེད་བཞིན་པ། 

སྙན་ངག་གྱེར་འདོན། 

             ཉེ་སྔོན།  པེ་ཅིན་འགྲིམ་འགྲུལ་སློབ་ཆེན་དུ་སྐབས་གཉིས་པའི་སམ་བྷོ་ཊའི་བོད་ཡིག་ཤེས་བྱའི་འགྲན་བསྡུར་སྤེལ་ཞིང་།   ཐེངས་འདིའི་བྱ་འགུལ་གྱི་རྣམ་པ་གཙོ་བོ་ནི་བོད་ཡིག་ཤེས་བྱའི་སྐོར་གྱི་འགྲན་བསྡུར་ཏེ།   བྱེ་བྲག་གི་ནང་དོན་ལ་ཤེས་བྱའི་སྐོར་གྱི་མྱུར་ལན་འདེབས་པ་དང་།  ཞིབ་དཔྱད་ཚད་འཇལ་བྱེད་པ།  འཆད་ཁྲིད་གནང་བ་སོགས་འདུས་ལ།   བོད་ཡིག་དགེ་རྒན་སོགས་ཆེད་དུ་གདན་དྲངས་ཏེ་ཐེངས་འདིའི་བྱ་འགུལ་གྱི་དཔྱད་འཇོག་ཨུ་ཡོན་དང་འཆད་ཁྲིད་བྱེད་མཁན་དུ་བསྐོས་པ་རེད། 


རྒྱུགས་ར་དངོས། 

ལན་འདེབས་བཞིན་པ། 

སྐར་གྲངས་རྩིས་ལེན་བྱེད་པ། 

དགོངས་ཚོགས་ཀྱི་ཁྱབ་བསྒྲགས་འགྲེམ་ཤོག
 

མཉམ་དུ་པར་བསྐྱོན་པ།

            ཐེངས་འདིའི་འགྲན་བསྡུར་གྱི་ཤེས་བྱའི་ཁྱབ་ཁོངས་གཙོ་བོ་སློབ་ཆུ་ལོ་རིམ་དང་པོ་དང་དམའ་འབྲིང་ལོ་རིམ་གསུམ་པའི་བར་གྱི་བོད་སྐད་ཡིག་བསླབ་དེབ་ཀྱི་རྨང་གཞིའི་ཤེས་བྱ་སྟེ།  སྤྱིར་བཏང་གི་བརྡ་སྤྲོད་རིག་གནས་དང་བསླབ་དེབ་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས་ཤེས་བྱའི་སྐོར་ཡིན།  རྒྱུགས་ཤོག་གི་ནང་དོན་ཡོད་ཚད་པེ་ཅིན་བོད་ལྗོངས་སློབ་འབྲིང་གི་བོད་སྐད་ཡིག་ཚོགས་ཁག་གིས་གཅིག་མཐུན་དུ་བསྒྲིགས་པ་དང་།  སློབ་གྲྭ་རེ་ནས་ཚབ་བྱེད་འགྲན་མི5འགྲན་རར་ཞུགས་སུ་བཅུག་ཅིང་།  འདྲ་མཉམ་དྲང་གཞག་གི་འགྲན་བསྡུར་བརྒྱུད་མཐར་ཨང་དང་པོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་།  ཨང་གཉིས་པ་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན།  ཨང་གསུམ་པ་པེ་ཅིང་དགེ་ཐོན་སློབ་ཆེན་བཅས་ཀྱིས་རིམ་པར་བླངས་ཏེ་འགྲན་བསྡུར་ཡོངས་སུ་མཇུག་རྫོགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།