བོད་ལྗོངས་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས་བཙུགས་པ།
ཉེ་དུས། བོད་ལྗོངས་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས་བོད་ལྗོངས་མི་རིགས་སློབ་གླིང་དུ་བཙུགས་ཤིང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ཞིབ་འཇུག་ལྟེ་གནས་བཙུགས་པའི་མཛད་སྒོར་ཕེབས་ནས། ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་གི་དར་ཡོལ་ཕྱེ་པ་རེད།
བོད་ལྗོངས་མི་རིགས་སློབ་གླིང་ནི་བོད་ལྗོངས་དེང་རབས་རྩོམ་རིག་གསར་རྩོམ་བྱེད་མཁན་དང་ཞིབ་འཇུག་བྱེད་མཁན་སྔ་ཤོས་ཀྱི་གྲས་ཤིག་རེད། བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ལས་དོན་སྔར་བས་འཕེལ་རྒྱས་བཏང་སྟེ་ཁྱད་འཕགས་ཆེད་ལས་གཏོད་ཆེད། བོད་ལྗོངས་མི་རིགས་སློབ་གླིང་གིས་རང་ངོས་ཀྱི་ཕུན་སུམ་ཚོགས་པའི་རིགས་གཞུང་འདོན་སྤེལ་གང་ལེགས་ཀྱིས། སྟོབས་ཤུགས་གཅིག་སྒྲིལ་དང་ལས་སྟེགས་བསྐྲུན་ནས་བོད་ལྗོངས་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་། བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ལ་འབད་བརྩོན་ལྷོད་མེད་བྱས་ཏེ་བོད་ཀྱི་རྩོམ་རིག་བྱ་གཞག་འཕེལ་རྒྱས་དང་རྩོམ་པ་པོ་གསར་པ་གསོ་སྐྱོང་ཐུབ་ཆེད་འགུལ་ཤུགས་གསར་པ་མཁོ་འདོན་བྱས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com