《རང་གྲོལ》དེབ་འགྲེམ་སྤེལ་དང་སློབ་གྲྭ་ཆེན་མོའི་སྙན་རྩོམ་འགྲན་བསྡུར་གྱི་བྱ་དགའི་ཚོགས་ཆེན།
ཚོགས་འདུའི་ཡུལ་དངོས།
རྨ་ལྷོ་ཁུལ་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་རྨ་ལྷོ་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ། 《རང་གྲོལ》
དེབ་ཀྱི་རྩོམ་སྒྲིག་ཚོགས་པའི་ཀྲུའུ་རིན་རིན་ཆེན་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་གིན་པའི་ཚུལ།
རྨ་ལྷོ་གསར་འགྱུར་ཁང་གིས་འགན་སྒྲུབ་བྱེད་ཀྱིན་པའི་བོད་ཀྱི་ཉིང་བཏུས་རྩོམ་རིག་དུས་དེབ《རང་གྲོལ》སྤྱི་ཨང་དང་པོ་འགྲེམས་སྤེལ་མཛད་སྒོ་དང་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྙན་རྩོམ་འགྲན་བསྡུར་བྱ་དགའི་ཚོགས་འདུ་དེ་སྤྱི་ཟླ6པའི་ཚེས24ནས27ཉིན་བར་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་ཚོགས།
སྐུ་མགྲོན
རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྙན་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་མ་དག
ཚོགས་འདུའི་སྟེང་དུས་དེབ་འགྲེམས་སྤེལ་དང་སྙན་རྩོམ་བྱ་དགའ་སྤྲོད་པའི་མཛད་སྒོ་དུས་གཅིག་ཏུ་བསྡུས་ནས་ཡོད་པ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ལ་དཔེ་ཆ་གཟིགས་འབུལ་དང་། སློབ་གྲོགས་ཀླུ་རྒྱལ་དོན་གྲུབ་སོགས་སློབ་བུ་བཅུ་ལ་སྙན་རྩོམ་འགྲན་བསྡུར་གྱི་ལེགས་སྐྱེས་དང་དམངས་སྒོར་སྟོང་གསུམ་རེའི་བྱ་དགའ་བསྩལ་ནས་ཡོད་པ་རེད།
ཞར་བཀོད།
སློབ་གྲྭ་ཆེན་མོའི《རང་གྲོལ་བྱ་དགའི》སྙན་རྩོམ་འགྲན་བསྡུར་གྱི་བྱ་དགའ་ཐོབ་མཁན།
《བདག་གི་སྨྱུག་ཤོག་བརླན་བྱུང་།》 མཚོ་སྔོན་དགེ་ཐོན་སློབ་ཆེན། ཞོ་སྐྱེས་ཀླུ་རྒྱལ་དོན་གྲུབ།
《སྒོར་སྒོར་མ་འགྲུབ་པའི་ཟླ་བ། 》 ནུབ་བྱང་མི་རིགས་སློབ་ཆེན། ལྡེ་མིག
《ང་ཁྱོད་ཀྱི་སྐྱེས་པ་གསོད་མཁན་གྱི་མི་དེ་མིན།》 ནུབ་བྱང་མི་རིགས་སློབ་ཆེན། ཁ་བ་སྙིང་ལྕགས།
《དཔྱིད་ཉམས་མ་བོར་བའི་སྒོ་ཞིང་།》 མཚོ་སྔོན་དགེ་ཐོན་སློབ་ཆེན། སྒང་སྐྱེས་རྡོ་རྗེ་ཚེ་བརྟན།
《བསམ་གཞིག་གི་འཁོར་ཕྱོགས།》 ནུབ་བྱང་མི་རིགས་སློབ་ཆེན། གཡུ་སྲས།
《ཆར་བ་ཟམ་ཟིམ་དང་བདག་གི་དྲན་གཞིགས།》 གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ། རོ་ལངས།
《རྒས་པའི་ད་ལྟ་བ། 》 མཚོ་སྔོན་མི་རིགས་སློབ་ཆེན། ངར་མ།
《ཚངས་དབྱངས་རྒྱ་མཚོ།》 ཀྲུང་དབྱང་མི་རིགས་སློབ་ཆེན། གཡག་བུ་དཔལ་རྩལ།
《དཔྱིད་ཀ་རལ་བོ། 》 ནུབ་བྱང་མི་རིགས་སློབ་ཆེན། སྒྲེན་པོ།
《ཕ་ཡུལ། ང་ཡི་ཕ་ཡུལ།》 མཚོ་སྔོན་དགེ་ཐོན་སློབ་ཆེན། མགོན་པོ་ཚེ་བརྟན།
མི་རེར་བྱ་དགའི་དཔང་ཡིག་དང་དཔྱད་བརྗོད་ཡི་གེ དམངས་སྒོར3000རེའི་བྱ་དགའ་བསྩལ་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com