ཁྲི་ཀ་རྫོང་མི་རིགས་སློབ་གྲྭས་སྐབས་དང་པོའི་ཀློག་འདོན་འགྲན་བསྡུར་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-30 09:37:00 ཀློག་གྲངས།:


སློབ་ཕྲུག་ཆུང་ཆུང་འདིས་གཟབ་ནན་དང་ཧུར་ཐག་གཉིས་ཟུང་དུ་སྦྲེལ་ཏེ་ཀློག་འདོན་བྱེད་པ།

            དུས་རབས་ལ་གདོང་ཕྱོགས་པ་དང་སྤྱི་ཚོགས་ཧྲིལ་བོའི་ཁྱོན་ཀུན་ལ་གཏིང་འཛུལ་བྱས་ཏེ་སྔ་ན་མེད་པའི་སློབ་གསོའི་སྒྲུབ་ཕྱོགས་ལ་ཤུགས་སྣོན། མིག་སྔའི་སློབ་གསོའི་བྱེད་ཕྱོགས་ལ་བཅོས་བསྒྱུར་དང༌ འཛུགས་སྐྲུན་ལ་ཁ་ཕྱོགས་ནས་རང་སློབ་གྲྭའི་བོད་ཡིག་དགེ་རྒན་རྣམས་ཐོལ་གྱིས་ཡར་བཞེངས་ཏེ་སྐྱུག་བྲོ་བའི་ས་གནས་ཁག་གི་ཡུལ་སྐད་དང་ལུང་སྐད་ལ་ལར་དག་ཆ་ཐོན་མེད་པའི་སྣང་ཚུལ་འདི་དག་ལ་ཁ་རྡུང་ནན་མོ་གཏོང་ཞོར་ཁོ་ཚོའི་སྙིང་ཉེ་ཞིང་ཤ་ཚ་བ།  ཀུན་སྤྱོད་གཙང་ཞིང་ཡིད་གཞུངས་པ།  འཁྲིད་བྱའི་གནས་ལ་ཐ་ཐོག་མེད་པ་ལ་སོགས་ཀྱི་དགེ་རྒན་རྣལ་མ་ཞིག་གི་ཚད་གཞི་དམིགས་སུ་བཟུང་སྟེ།  སྒོ་ཀུན་ནས་རྨང་གཞིའི་ཤེས་བྱ་སྲ་བརྟན་གཏོང་བར་ཐབས་ཤེས་གང་རུང་སྤྱོད་མུས་ལགས་ཤིང༌།  ཁྱད་པར་སློབ་གཙོ་ལགས་ཀྱི་ཐུགས་དགོངས་ལྟར་མི་རིགས་སློབ་གསོ་རྗེས་ལུས་ཡིན་པའི་ས་ཆ་འདིའི་རྨང་གཞི་ནས་སླར་གསོ་དང་ཡོ་བསྲང་བྱ་དགོས་པའི་གྲོས་གཞི་ཡང་ཡང་བཏོན་མཐར། སློབ་གྲྭའི་བློ་ལྡན་གླིང༼ལོ་རིམ་དང་པོ་ནས་གསུམ་པ༽གི་བོད་སྐད་ཡིག་ཀློག་འདོན་གྱི་ནུས་པར་གཙིགས་འཛིན་དང་མཐོར་འདེགས། ཤུགས་སྣོན་སྒོས་ཀློག་གི་བྱ་བ་གནད་ཆེ་སར་འཛིན་པ་དང༌།  ངེས་པར་དུ་བློ་ལྡན་གླིང༼ལོ་རིམ་དང་པོ་ནས་གསུམ་པ༽གི་སློབ་བུ་བརྒྱ་ཆའི་བརྒྱད་ཅུ་ནས་དགུ་བཅུའི་བར་གྱི་སློབ་བུ་ཡོངས་བོད་སྐད་ཡིག་ཀློག་འདོན་ལ་ཅུང་བྱང་ཆ་ལྡན་པའི་དམིགས་ཚད་འགྲུབ་ཆེད་ཟླ་འདིའི་ཚེས28གྱི་ཕྱི་དྲོར་ཆེད་དུ་སྐབས་དང་པོའི་བོད་སྐད་ཡིག་ཀློག་འདོན་གྱི་བྱ་འགུལ་ཅིག་སྤེལ།


འདྲ་མཉམ་དང་དྲང་བདེན་ནི་སྐར་འགོད་པའི་མི་བསླུ་བའི་ཚང་ཐིགས་ཤིག

            བོད་སྐད་ཡིག་ཐོག་མར་སྦྱང་བའི་ཆོས་ཉིད་ལ་གཞིགས་ཏེ་ཕྲལ་ཀློག་གི་རྨང་གཞི་ལེགས་མིན་ལ་གསལ་འབྱེད་བྱས་ནས་དེའི་སྟེང་སྦྱོར་ཀློག་དང་གྱེར་ཀློག་གི་བྱང་ཚད་ལ་བརྟག་པ་གཙོ་བོར་དམིགས་ནས་འཛིན་གྲྭ་སོ་སོའི་ནང་ནས་ཆུ་ཚད་ལ་དབྱེ་བ་མེད་པར་སློབ་མ་བཞི་དུས་ཐོག་ཏུ་བདམས་གསེས་བྱས་ཏེ་ཚད་འབྱེད་བྱས་ཤིང་ཆ་རྐྱེན་ལ་སློབ་རིམ་དང་པོ་དང་གཉིས་པའི་སློབ་མ་གཙོ་ཆེ་བ་ཕྲལ་ཀློག་གི་སྒྲ་དག་གསལ་གསུམ་ལ་བྱང་དགོས་པར་མ་ཟད། སྦྱོར་ཀློག་དང་མཉམ་ཀློག་ལའང་བྱང་ཚད་ཅུང་ལེགས་དགོས་པ་དང་། སློབ་རིམ་གསུམ་པའི་སློབ་མ་རྣམས་སྦྱོར་ཀློག་དང་གྱེར་ཀློག་ལ་བྱང་དགོས་པ་ལས་མྱུར་ཀློག་ལའང་བྱང་ཚད་ཅུང་ལེགས་དགོས་པའི་རེ་བ་དང་དམིགས་ཚད་བཟུང་ནས་འགྲན་བསྡུར་བསྡུས།


སྐྱེ་གནས་བརྒྱད་ཀྱི་རྩོལ་བ་ལས་ད་གཟོད་བོད་ཀྱི་ཡི་གེའི་སྒྲ་དག་གསལ་གསུམ་ཚང་།

            ཕྲལ་ཀློག་བྱེད་སྐབས་དོ་སྣང་བྱེད་དགོས་ས་བཞི་གཙོ་བོར་བཟུང་བ་སྟེ། སྒྲ་གདངས་དྲག་ཞན་རན་པ་དང་གཅིག  ཀློག་སྟངས་ལ་གོ་འཛོལ་མེད་ཅིང་ཕྲལ་ཀློག་གི་རྨང་གཞིའི་སྟེང་སྦྱོར་ཀློག་ཐུབ་པ་དང་གཉིས། སྒྲ་ནོར་ཉེན་ཆེ་བ་གཙིགས་སུ་འཛིན་པ་དང་གསུམ། གསལ་དག་མྱུར་གསུམ་ལ་བྱང་རྒྱུ་དང་བཞི་བཅས་སོ།།  སྦྱོར་ཀློག་དང་གྱེར་ཀློག་སྐབས་སུའང་དེར་བསྟུན་སྒོས་དོ་སྣང་བྱེད་དགོས་ས་བཞི་གཙོ་བོར་བཟུང་བ་སྟེ། གཅིག གཅོད་མཚམས་འགྲིག་ཅིང་མཐོ་དམའ་རན་པ།    གཉིས། སྨྲ་བརྗོད་དག་ལ་ཚིག་འབྲུ་གསལ་བོར་ཐོན་པ།   གསུམ། སྒྲའི་འདེགས་འཇོག་ལ་བསྟུན་ཤེས་པ། བཞི། གོ་རིམ་ཡོད་ལ་བརྩེ་དུང་ཤུགས་དྲག་ཏུ་མངོན་རྒྱུ་བཅས་སོ།


བློར་སྐྱོར་ནས་སྦྱོར་ཀློག་གི་བྱང་ཚད་ལ་བརྟག་པ།

            གཞན་ཐེངས་འདིའི་ཀློག་འདོན་འགྲན་བསྡུར་གྱི་སྤྱིའི་དམིགས་ཚད་ལ་ཕྱོགས་བཞི་ལྟེ་བར་བཟུང་བ་སྟེ།  ཕྲལ་ཀློག་བྱེད་སྐབས་ངེས་པར་དུ་སྒྲ་དག་མོ། གསལ་བོ་བྱས་ཏེ་ཀློག་པ་ལས།  སོ་སོའི་ཡུལ་སྐད་ལྟར་མི་ཀློག་པར་རྒན་ནས་དྷི་ཚའི་ཀ་ཁའི་ཁྲིད་རྒྱུན་གཞིར་བཟུང་སྟེ་འཁྲིད་པར་གལ་ཆེ་བ་དང་།   ཐབས་བརྒྱ་ཇུས་སྟོང་གིས་ཀློག་གི་ཁ་ལྕེ་མྱུར་དག་གསལ་གསུམ་གྱི་ཕྱོགས་ལ་གོམས་རྒྱུ།  སྦྱོར་ཀློག་སྐབས་ཚིག་གི་གཅོད་མཚམས་འགྲིག་པ། ཡངས་ཤ་དོད་པ།  མཐོ་དམན་རན་པ།    གྱེར་ཀློག་སྐབས་སྐད་གདངས་མཐོ་བ།  འབྲུ་གསལ་བ།  ལྡབ་ལྡིབ་མ་ཡིན་པ།   མཉམ་ཀློག་སྐབས་མི་མཐོ་མི་དམའ་བ་དང་བྱ་འཕུར་མ་འདོན་པ་ལྟར་མིན་པར་ལྷོད་ཤ་ལྡན་པ།  མགྲིན་པར་མི་གནོད་པ་བཅས་ཀྱི་ཕྱོགས་ལ་གཞོལ་ཅི་ཐུབ་བྱ་བ་བཅས་ཡིན།


ལག་ཟུང་བར་ལ་དམ་དུ་བཅངས་པའི་ལེགས་སྐྱེས་ཆུང་ངུ་འདིས་ཁོ་ཚོའི་ཡིད་སེམས་རབ་ཏུ་ཚིམ་ཡོད།

            རེབ་འདིའི་བྱ་འགུལ་ལ་བྱེ་བྲག་གི་དམིགས་ཚད་ཐད་ནས་ཀྱང་ཕྱོགས་གསུམ་ནས་གཟབ་གཟབ་བྱ་དགོས་པ་སྟེ། སློབ་ཆུང་ལོ་རིམ་དང་པོའི་སྐབས་སློབ་ཕྲུག་ཚོས་དབྱངས་གསལ་གཉིས་དང༌། མགོ་འདོགས་བརྩེགས་གསུམ།  སྔོན་རྗེས་ཡང་གསུམ་བཅས་ཀྱི་གྲུབ་ཚུལ་མ་ནོར་བར་ངེས་ཤིང་གསལ་དག་སྙན་གསུམ་སྒོས་ཀློག་དག་མོ་ཞིག་འཁྱོངས་པར་བྱས་ཏེ། ཕྲལ་ཀློག་གི་གནད་དོན་ཐག་གཅོད་དགོས་པ་དང་ཡི་གེའི་གྲུབ་ཚུལ་རགས་རམ་ཙམ་ཤེས་དགོས་པ།   ལོ་རིམ་གཉིས་པའི་སྐབས་སྔོན་སོང་གི་རྨང་གཞིའི་སྟེང་སྦྱོར་ཀློག་ལ་ཤུགས་བསྣན་ཏེ་སྨྲ་ལྕེ་དག་ལ་གཅོད་མཚམས་འགྲིག་པའི་སྒོ་ནས་ཚིག་ཐུང་དང་སློབ་ཚན་སོགས་དབྱངས་སུ་གྱེར་ནས་ཀློག་ཐུབ་དགོས་པར་མ་ཟད།  ཆུ་ཚོད་སྐར་མ་གཅིག་ལ་ཡི་གེ་ཚེག་ཁྱིམ80ཡས་མས་བཀླག་ཐུབ་དགོས་ལ། སྐད་བརྡའི་ནུས་པ་འཕེལ་རྒྱས་སུ་གཏོང་བར་བྱ་རྒྱུ།   ལོ་རིམ་གསུམ་པའི་སྐབས་སློབ་ཚན་དག་སླ་བ་ནས་དཀའ་བ་དང༌།  ཉུང་བ་ནས་མང་བ།  བསྡུས་པ་ནས་རྒྱས་པའི་གོ་རིམ་ལྟར་ཡོད་སྟབས།  སྦྱོར་ཀློག་བྱེད་ཚུལ་གནད་ཆེ་སར་འཛིན་དགོས་ལ།  ཡང་དག་པའི་སྒོ་ནས་ཐག་གཅོད་ནན་མོ། སྦྱོར་ཀློག་བྱང་ཆུབ་པར་བྱས་པའི་རྨང་གཞིའི་སྟེང་སློབ་ཚན་ཧྲིལ་བོ་བྱང་ཆ་ལྡན་པ།  གཅོད་མཚམས་འགྲིག་པ།  ཚིག་རྐང་རེ་རེ་དང་ཐ་སྙད་རེ་རེ་ལ་སྨྲ་བརྗོད་དག་ལ་ཚིག་གི་འབྲུ་གསལ་བོར་ཐོན་པ་ཞིག་བཀླག་ཐུབ་པ་བྱ་དགོས་པ་བཅས་ཡིན།
            གོང་གི་ཆ་རྐྱེན་དང་རེ་བ་འད་དག་དམིགས་སུ་བཟུང་ནས།   འཛིན་གྲྭ་སོ་སོའི་བོད་ཡིག་དགེ་རྒན་རྣམ་པས་སློབ་ཕྲུག་ཆུང་ཆུང་ཚོ་ལ་སྦྱོང་བརྡར་དང་རེ་བ་ནན་མོ་བཅངས་ནས་འགྲན་བསྡུར་གྱི་ཐོག་མཐའ་བར་གསུམ་དུ་སློབ་མ་རྣམས་ཀྱིས་ཀྱང་གཅིག་གཅིག་གཉིས་གཉིས་དང་ཁ་གསལ་གདེངས་མཐོ་བའི་སྒོ་ནས་མཐའ་མའི་གཡུར་ཟའི་འབྲས་བུ་ལ་མིག་འོད་ཤོར་ནས་བྱ་འགུལ་གྱི་རྣམ་པ་ཡོངས་ཕུན་སུམ་ཚོགས་ཤིང་སྤྲོ་སྣང་ཅན་དུ་བདེ་ལེགས་ངང་མཇུག་བསྒྲིལ་བ་རེད།


ཟུར་བཀོད། 

གཤམ་གསལ་འདི་དག་ནི་རྒྱུན་པར་ནོར་བ་རྒྱུན་འབྱམས་སུ་འགྲོ་བཞིན་པའམ་ནོར་ཉེན་ཆེ་བའི་ཡི་གེ་སྐོར་ཞིག་ཡིན་པས་ཆེད་དུ་བཀོད་པ།
སྒྲ་ནོར་ཉེན་ཆེ་བའི་ཡི་གེའི་སྐོར།

ཀ་་་་་་་་བཀའ།    ཁ་་་་་་མཁའ།        ཅ་་་་་་ཀྱ།    ཆ་་་་་ཁྱ།  ཅི་་་་་་ཀྱི། ཁྱོད་ཀྱིས་་་་ཆོད་ཅིས།
གས་་་་་གོས།      སྣ་་་་་རྣ།  སྨ་་་་་རྨ།  སྨན་་་་་དམན།  སྙ་་་་་རྙ།  ཚན་་་་ཚུན།  ཐན་་་་ཐུན།
ཕན་་་་་ཕུན། སྡེར་་་སྡུར། མར་་་་་མུར།   བོད་་་་འོད།  འཁྱག་་་་ཆག  ཤ་་་་་་ཞ།  ཐུང་་་་ཐང༌།
བདུན་་་་་་ལྡན། བྱས་་་་་བྱིས།   ང་་་་མངའ། ཛ་་་་མཛའ།  འབྱོར་་འགྱོར།    དར་་་དེར། ཟ་་་་་ས།  ཆས་་་ཆོས།
འགྱོག་་་་་འཇོག  ལྷུང་་་་་ལྷང༌།  ཁྱེར་་་་་ཆེར།  རུམ་་་་་རུན།  ལོངས་་་ལངས།   ལྷམ་་་་་་ལྷན།  ཤོག་་་་་་ཞོག  ཤིས་་་་་་ཞིས།    གཏམ་་་་་་གཏན། སོང་་་་་་སང༌། ཧུབ་་་་་ཧེ། སློབ་་་་་་རློབ། དམར་་་་་་རྨེ།  སྐྱ་་་་་་སྤྱ། 
རྐྱང་་་་་་་ལྕང༌།  ལོག་་་་་་ལག ཀྱེ་་་་་་་ཅེ།    འཚེབ་་་་་་འཚུབ།རླུང་་་་་་རླངས།  གྱོན་་་་་་་ཅོན།

གཟུགས་ནོར་སླ་བའི་ཡི་གེའི་སྐོར།

ཁ་་་ག ཆ་་་ཚ། ཇ་་་ཛ། ང་་་ད། ཉ་་་ཞ། པ་་་བ། ན་་་མ། ཞ་་་ཤ། འ་་་ར། ཡ་་་ཨ།
ཝ་་ལྭ། འ་་ལ། ལ་་ཨ། ཡ་་་ལ། རྣ་་རྨ། རྔ་་རྡ། ལྔ་་་ལྡ། ལྤ་་ལྦ། ཝ་་་ལྦ། ལྔ་་་ལྗ།
སྔ་་་སྡ། སྣ་་་སྨ། སྙ་་་སྣ། སྤ་་་སྦ། སྤྱ་་སྦྱ།  རྔུ་་་རྡུ། རྣུ་་་རྨུ། ལྔུ་་་ལྡུ། ལྤུ་་་ལྦུ།སྣུ་་་སྨུ།
སྙུ་་་སྣུ། སྤུ་་་སྦུ། སྔུ་་་སྡུ། སྤྱི་་་སྦྱི། སྤོ་་་སྦོ།   འདི་ལྟར་རིགས་བསྒྲེས་པར་བྱའོ།། 

གཏན་འཇགས་ཚིག་གྲུབ་ཀྱི་སྐོར།

 འབྲུག་ཕོ་ཆུང༌། ཕོ་ཆུང་འབྲུག      འབྲོང་བྲེ་སེར།  བྲེ་སེར་འབྲོང༌།    སྟག་དམར་ཡག  དམར་ཡག་སྟག
ནགས་རྒྱ་རྫོང༌།  རྒྱ་རྫོང་ནགས།   རྐྱང་ཁ་དཀར།  ཁ་དཀར་རྐྱང༌།     རྫ་ཁྲ་ཡག   ཁྲ་ཡག་རྫ།
རྡོ་གོར་མ།  གོར་མ་རྡོ།     ཝ་སྡར་མ།  སྡར་མ་ཝ།     འབྲི་ཐུལ་དཀར།  ཐུལ་དཀར་འབྲི།
རྟ་འདོ་བ།  འདོ་རིགས་རྟ།    ལུག་ཚེར་མོ། ཚེར་མོ་ལུག    བོའུ་ཁྲ་རིང༌།  ཁྲ་རིང་བོའུ།
མིག་ཁྲ་ཆུང༌།  ཁྲ་ཆུང་མིག       མཛོ་ཁྱུང་དཀར། ཁྱུང་དཀར་མཛོ། སྒ་བེ་ཤིང༌།  མདའ་ལི་མ། ལྕེ་དར་མ།
སེང་དཀར་མོ། སྟག་ཤ་ར། སྨན་བུ་མོ།      བོང་སྐྱ་ལི། ནང་ན་ཟླ།  ཡག་མོ་སྒོ།     གཟུགས་སྐྱེ་ལུས། ཁ་ཇ་ཆང༌། གཏམ་ཀུ་རེ། རྟགས་སྟོན་མོ། རོགས་ཆུང་ལོ།     ཁ་ལ་གཞས།  དྲིན་ཕ་མ།  ཕ་ཨ་ཁུ།   ཞེ་སྣང་བ།      
འགྲོ་གོམ་པ། འདི་ལྟར་རིགས་བསྒྲེས་ཏེ་མང་པོ་ཞིག་ཤེས་པར་གྱིས་དང་ཕན་ཐོགས་ཤིན་ཏུ་ཆེའོ།།

ཟློས་ཚིག་གམ་རྒྱན་ཚིག་གི་སྐོར།

ལ་མ་ལིང༌།  ཟ་མ་ཟི། ལྡ་མ་ལྡེམ།     ད་ར་དིར། ཁྱ་མ་འཁྱོར། ཡ་མ་ཡང༌།        སི་ལི་ལི། དི་རི་རི།  
འུ་རུ་རུ། ང་ར་ར།    སྙན་ལྷང་ལྷང༌། ཀྱུ་རུ་རུ། ཡ་མ་ཡོར།    ཆ་མ་ཆོལ། གྱ་མ་གྱུ།འདའ་མ་འདར།
ཤ་ར་ར།  ཐ་ར་ར།  ན་ར་ར།  ཉལ་མ་ལངས།   གོག་མ་ནུར།  ཤི་མ་གསོན། ཚ་མ་ཚོས།
ཐ་ནེ་ཐུན་ནེ། རབ་བེ་རིབ་བེ།     ངན་ནེ་ངོན་ནེ། ལ་བེ་ལེབ་བེ།      འཁྱ་གེ་འཁྱོག་གེ  ཀྱ་གེ་ཀྱོག་གེ
རྫ་ནེ་རྫུན་ནེ།  ཁྲལ་ལེ་འཁྲུལ་ལེ།     ཤབ་བེ་ཤུབ་བེ། ཙ་གེ་ཙིག་གེ    སྨྱ་སེ་སྨྱོན་སེ།  གླ་ནེ་གླེན་ནེ།
ལྷང་ལྷང༌། ལྷབ་ལྷབ། ལྷོག་ལྷོག      ལྷེམ་ལྷེམ། ལྷུང་ལྷུང༌། ལྟེམ་ལྟེམ།    ཆལ་ཆིལ། ལང་ལོང༌། བན་བུན།
བློང་བློང༌།  མག་མོག  ཐན་ཐུན།     དཀར་བོང་བོང༌།  དམར་ལམ་ལམ།    ཁྲ་ཆིལ་ཆིལ། 
འོད་ཀྲིག་ཀྲིག          སྔོ་ལྗང་ལྗང༌།  ནག་ཐིང་ཐིང༌།

ལས་ཚིག་གི་སྐོར།
འབྲི། འདོན། བླངས། འཁྲབ། ལྡིང༌།        སྟོད། འགེལ། འདོགས། འཛིན། འཐུ། འདེབས། གཏོང༌། གྱེར། ཉན།    བགོས། འཕར། འབེབས། བསྒྲེངས།     བསློགས། བརྡུངས། བསྙིགས། ཡུར།    བྲེགས། དེད། སྤྲུགས། བཙགས།  ངུར། འབའ། འཚེར། ཟུག གྲགས། བརྒྱལ། དྲིས། བཞག བཏང་།  ལྟ་བུའོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།