ནུབ་བྱང་མི་རིགས་སློབ་ཆེན་དུ་འབུམ་རམས་གོང་མའི་གླེང་སློང་སྙན་ཞུ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྦོན་པོ་དྲ་བ། དུས་ཚོད།:2011-07-04 10:09:00 ཀློག་གྲངས།:

ལན་གྲུ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་འབྲུག་ཐར།

        ཟླ6པའི་ཚེས26ཉིན་གྱི་སྔ་དྲོ།  ཀྲུང་གོའི་སྐད་བརྡ་རིག་པའི་འབུམ་རམས་གོང་མའི་ཚན་ཞིབ་སྐོར་སྐྱོད་ཁང་གི་ཞིབ་འཇུག་པ་མཁའ་འབུམ་རྒྱལ་ལགས་ཀྱི་ཞིབ་འཇུག་བརྗོད་གཞིའི་གླེང་སློང་སྙན་ཞུ་ཚོགས་འདུ་དེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བསྡུས་ཤིང་།  འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་ཐེངས་དང་བོར་བསྡུས་པའི་འབུམ་རམས་གོང་མའི་ཞིབ་འཇུག་བརྗོད་གཞིའི་གླེང་སློང་སྙན་ཞུ་ཚོགས་འདུ་ཡང་ཡིན།

སྙན་ཞུ་ཚོགས་འདུར་ཞུགས་པའི་ཆེད་མཁས་རྣམ་པ།       

         སྙན་ཞུ་ཚོགས་འདུའི་སྟེང་དུ།   ཞིབ་འཇུག་པ་མཁའ་འབུལ་རྒྱལ་ལགས་ཀྱིས་བསྒྲུབ་གཞིའི་འདེམས་སྒྲུག་དང་།  ཞིབ་འཇུག་གི་ནང་དོན།  ཞིབ་འཇུག་གི་དངོས་ཚུལ་དང་དོན་སྙིང་།  ཞིབ་འཇུག་ཐབས་ཤེས་ལ་སོགས་པའི་ཕྱོགས་ནས་རང་གི་ཞིབ་འཇུག་བརྗོད་གཞི་མཚམས་སྦྱོར་བྱས་ཤིང་།  ཚོགས་ཞུགས་ཞིབ་དཔྱད་ཆེད་མཁས་རྣམ་པས་ནན་ཏན་གྱིས་སྙན་ཞུ་ལ་གསན་རྗེས།  ཞིབ་འཇུག་བརྗོད་གཞི་ལ་ཁས་ལེན་གྱི་གདེང་འཇོག་མཐོན་པོ་གནང་བར་མ་ཟད།  གནད་དུ་འཁེལ་བའི་དགོངས་འཆར་ཡང་བཏོན་པ་རེད།  མཇུག་མཐར།  ཆེད་མཁས་རྣམས་ཀྱིས་འདེམས་ཤོག་འཕངས་ནས་གྲོས་ཆོད་བཅད་པ་ལྟར་མཁའ་འབུལ་རྒྱལ་ལགས་ཀྱི་གླེང་སློང་སྙན་ཞུ་བདེ་བླག་ངང་ཆོག་འཐུས་དགོངས་འཁྲོལ་ཐོབ་པ་རེད། 

ཚོགས་རའི་ཡུལ་དངོས། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།