ཁྲི་ཀ་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས་ལྷུག་རྩོམ་གྱེར་འདོན་འགྲན་བསྡུར་སྤེལ་པ།
《སྦྲ་ནག ཁེར་རྐྱང་གི་གཏམ་རྒྱུད་སྨུག་པོ》ཞེས་པའི་ལྷུག་རྩོམ་གྱེར་འདོན་བྱེད་བཞིན་པ།
སློབ་གྲྭའི་རིག་གནས་འཚོ་བ་སྔོག་འདོན་དང་སློབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སློབ་མ་རྣམ་པར་ནུས་པ་འདོན་སྤེལ་གྱི་སྟེགས་བུ་ཁོད་ཡངས་ཤིག་བཟོ་སྐྲུན་བྱེད་པ་དང་ལྷག་པར་དུ་བོད་རྒྱ་ཡིག་རིགས་གཉིས་ལ་གོ་བརྡ་བཟང་བོ་ཞིག་སྤྲོད་པ་བཅས་ཀྱི་ཆེད་དུ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་དགུ་བཅུ་འཁོར་བའི་དུས་ལ་གཞི་བཅོལ་ཏེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས་སྐབས་གཉིས་པའི་ལྷུག་རྩོམ་གྱེར་འདོན་བདེ་ལེགས་དང་རྒྱལ་ཁའི་ངང་ཉེ་སྔོན་སློབ་གྲྭའི་སྐས་རིམ་སློབ་ཁང་དུ་ཚོགས།
བརྩེ་བ་དང་དབྱངས་རྟ་གཉིས་མཉམ་གཅིག་ཏུ་བསྲེས་ནས《ཨ་མའི་སེམས་པ》ཞེས་པའི་ལྷུག་རྩོམ་གྱེར་འདོན་བྱེད་པ།
རེབ་འདིའི་འགྲན་བསྡུར་ལ་བོད་རྒྱའི་ཡིག་རིགས་གཉིས་ཀྱི་ལམ་ནས་ནང་དོན་ལ་ཚད་བཀག་མེད་པར་འགྲན་བསྡུར་སྤེལ་ཞིང༌། ཉིན་བཅུ་ལྷག་གི་རིང་ལ་བོད་ཡིག་དང་རྒྱ་ཡིག་གི་དགེ་རྒན་རྣམ་པས་རང་རང་གི་འཛིན་གྲྭ་སོ་སོར་སྣེ་སྟོན་བཟང་བོ་དང་རྣམ་པ་གསར་བའི་གྲ་སྒྲིག་གང་ལེགས་བྱས་ནས་འདོན་སྟངས་ཀྱི་ཐད་ཡིན་ནའང་འདྲ། གོན་པའི་ཐད་ཡིན་ནའང་འདྲ། གྲལ་སྒྲིག་སྟངས་ཀྱི་ཆ་ནས་ཡིན་ནའང་འདྲ། གང་ལྟར་ཀྱང་ཐེངས་དང་པོའི་ལྷུག་རྩོམ་འགྲན་བསྡུར་ལས་ཐོལ་བརྒལ་བྱུང་ཞིང་འཕེལ་རྒྱས་ཆེན་པོ་ཡོད་པ་མངོན་སུམ་སྒོས་ཤེས་ཐུབ།
ཐེངས་འདིའི་འགྲན་བསྡུར་འདྲ་མཉམ་དང་དྲང་བདེན། སྙོམ་པོ་ཞིག་ཡོང་ཆེད་དུ་སྐར་འགོད་པ་རྣམས་ཀྱང་གླིང(ལོ་རིམ)གཞན་ནས་གདན་ཞུ་ཞུས་ཏེ་ཚང་མས་ཡིད་ཆེས་ཆོག་པར་ར་སྤྲོད་གང་བཟང་བྱས།
ཕོ་མོ་མཉམ་སྡེབ་ཀྱི་འགྱུར་ཁུགས་ལས་ཡིད་ཀྱི་དུང་བ་ཕྱི་རུ་མངོན།
ཐོག་མར་ལོ་རིམ་བདུན་པའི་འཛིན་གྲྭ་དང་པོས་སྙན་འཇེབས་ཀྱི་དབྱངས་འགྲོས་དང་ཡོངས་སུ་ཕྱུག་པའི་བརྩེ་དུང༌། ཕོ་མོ་བསྣོལ་བའི་མི་སྒེར་གྱི་འདོན་སྟངས་སོགས་སྤྱད་ནས་རྩོམ་པ་པོ་བྱ་གཞུང་དབྱངས་བྷས་བྲིས་པའི<<སྦྲ་ནག ཁེར་རྐྱང་གི་གཏམ་རྒྱུད་སྨུག་པོ>>ཞེས་པ་གྱེར་འདོན་བྱས་མ་ཐག ཚོགས་རའི་ཁྱོན་ཀུན་ཐལ་མོའི་རྡེབ་སྒྲས་འུར་ཟིང་ངེར་བཏང་ཞིང༌། ཡོད་ཚད་ལ་སྤྲོ་སྣང་དང་སྟོབས་ཤུགས་གསར་བ་ཞིག་བསྣན། དེར་མཐུད<<རྐང་ལམ་ཕྲ་མོ>>དང<<ཨ་མའི་སེམས>><<རང་ཁྱིམ>>སོགས་ཐུན་མིན་རང་ག་བའི་ཁྱད་ཆོས་སྣ་ཚོགས་པ་མངོན་ཏེ་གཅིག་རྗེས་གཉིས་མཐུད་དུ་གྱེར་འདོན་བྱས་པར་སྐར་འགོད་པ་རྣམ་པས་ཀྱང་ཡང་དང་ཡང་དུ་བསལ་ཞིང༌། ཞིབ་ཚགས་ཞུན་བརྡར་གྱི་ཁྲོད་ནས་མཇུག་མཐར་ཡོད་ཚད་ཀྱིས་རེ་ཞིང་སྒུག་པའི་བྱ་དགའི་ཨང་རིམ་བསྒྲིགས་ཏེ་ཁྱབ་བསྒྲགས་བྱས་པ་ན། དགེ་སློབ་ཡོངས་ཀྱིས་བདེན་ཅོག་ཅོག་གི་བརྡ་ལ་ལག་ཟུང་རྡེབ་སྒྲ་སྐས་རིམ་སློབ་ཁང་གི་བར་སྣང་དུ་བྲག་ཅར་འཁྱིལ་ནས་སེམས་པ་གཡོས་ཤིང༌། སྤྲོ་དགའ་རྒྱས་ཏེ་བདེ་ལེགས་དང་རྒྱལ་ཁའི་ངང་མཇུག་བསྒྲིལ།
གཅིག་ལས་གཅིག་ལྷག་གི་འགྲན་བསྡུར་ལས་ད་གཟོད་མཐར་མཇུག་གི་རྟགས་མ་བརྩོན་ལེན་བྱེད་ཐུབ་སོང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com