“མེས་རྒྱལ་ལ་དགའ་བ། ཕ་ཡུལ་ལ་དགའ་བ”ཞེས་པའི་སྐད་གཉིས་གཏམ་བཤད་འགྲན་བསྡུར་སྤེལ་པ།
ཁམས་པའི་བརྙན་འཕྲིན་ཁང་གིས་སྤེལ་པའི2011ལོའི་སྐད་གཉིས་གཏམ་བཤད་འགྲན་བསྡུར་འགོ་བརྩམས་པ།
སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་ཐད་ལ་བླངས་པའི་གྲུབ་འབྲས་མངོན་པར་བྱེད་ཆེད། སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གིས་སི་ཁྲོན་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ལྟེ་གནས་སུ“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར90ལོན་པའི‘མེས་རྒྱལ་ལ་དགའ་བ། ཕ་ཡུལ་ལ་དགའ་བ’ཞེས་པའི2011ལོའི་བོད་རྒྱ་སྐད་གཉིས་གཏམ་བཤད་འགྲན་བསྡུར”གྱི་རྒྱལ་ཕམ་མམ་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ་རེད།
ཁམས་པའི་བརྙན་འཕྲིན་ཁང་གིས་སྤེལ་པའི2011ལོའི་སྐད་གཉིས་གཏམ་བཤད་འགྲན་བསྡུར།
ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་ནི་ནུབ་རྒྱུད་ས་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་གྲུབ་འབྲས་མངོན་པ་དང་། བོད་ཁུལ་སློབ་མ་རྣམས་ལ་རང་ཉིད་ཀྱི་ཡོན་ཏན་དང་ནུས་རྩལ་མངོན་པའི་གར་སྟེགས་སྐྲུན་ལ། དེ་དང་ཆབས་ཅིག་ཏུ་སྐད་གཉིས་སློབ་གསོ་སྔར་ལས་ལྷག་པར་གོང་སྤེལ་དང་ཁྱབ་གདལ་དུ་བཏང་སྟེ་སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཟླ5ཚེས9ལ་འགོ་བརྩམས་པ་ནས་བཟུང་། སི་ཁྲོན་ཁྲིན་ཏུའུ་དང་དཀར་མཛེས་ཁུལ། མངའ་བ་ཁུལ། བོད་ལྗོངས་ཆབ་མདོ་ས་ཁུལ། མཚོ་སྔོན་ཡུལ་ཤུལ། ཡུན་ནན་བདེ་ཆེན་སོགས་ས་ཁུལ་དུ་འགྲན་བསྡུར་ཐོག་མ་སྤེལ་ཞིང་། རབ་དང་རིམ་པའི་ལེགས་བདམས་སྒོས་འགྲན་ཞུགས་མི7རྒྱལ་ཁའི་ངང་རྒྱལ་ཕམ་འགྲན་བསྡུར་ལ་ཞུགས་པའི་ཐོབ་ཐང་བླངས་པ་རེད།
འགྲན་བསྡུར་སྐབས་ཀྱི་དཔྱད་འདེམས་པ།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་འགྲན་ཞུགས་པ་བཀྲ་ཤིས་ནོར་བུ་ནི་དྭ་ཕྲུག་ཞིག་ཡིན་ལ། ཁོས་གཏམ་བཤད་ཀྱི་ཁྲོད་དུ་ཡུལ་ཤུལ་ས་འགུལ་ནང་ཆུང་དུས་ནས་རང་ཉིད་སྙོར་སྐྱོང་བྱས་པའི་ཕ་གཡར་དེའང་རྒྱང་རིང་དུ་ཁ་བྲལ་བ་ཡིན་ཟེར་དུས། འདིར་བཞུགས་མང་ཚོགས་ལས་སྤྱན་ཆུ་མི་འཇོ་བ་གཅིག་ཀྱང་མི་འདུག་ལ། བཀྲ་ཤིས་ནོར་བུའི་དཔའ་ངར་དང་སྤོབས་པས་ལྷན་རྒྱས་ཀྱི་ཡིད་སེམས་དབང་མེད་དུ་བཀུགས་ཏེ་ལག་པའི་མཐེལ་སྒྲ་བྲག་ཅ་བཞིན་བར་མེད་དུ་ཁྱབས་པ་རེད།
ཐོག་མའི་སྐབས་ཀྱི་འགྲན་བསྡུར།
བྱ་དགའ་གནང་དུས། རྔ་བ་ཁུལ་ནས་ཡོང་བའི་འགྲན་ཞུགས4བ་ནག་ཆུ་ཚེ་རིང་གི་ཁྱད་དུ་འཕགས་པའི་སྐད་གདངས་དང་སྨྲ་བརྗོད་ལ་ཆེད་ལས་དཔྱད་འདེམས་པ་རྣམས་ཀྱི་ཁས་ལེན་དང་འདེང་འཇོག་མི་དམན་པ་ཐོབ་པས་ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ལོན་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། “ཀྲུང་གོ་གུང་ཁྲན་ཏང་དབུ་བརྙས་ནས་ལོ་འཁོར90ལོན་པའི‘མེས་རྒྱལ་ལ་དགའ་བ། ཕ་ཡུལ་ལ་དགའ་བ’”ཞེས་པའི2011ལོའི་བོད་རྒྱ་སྐད་གཉིས་གཏམ་བཤད་འགྲན་བསྡུར”གྱི་རྒྱལ་ཕམ་གནས་ཚུལ་ཁམས་པའི་བརྙན་འཕྲིན་ལེ་ཚན་དུ་གཏོང་རྒྱུ་ཡིན་པ་དང་། ནུབ་རྒྱུད་སྐད་གཉིས་སློབ་གསོའི་འཕེལ་རྒྱས་གནས་ཚུལ་མུ་མཐུད་དུ་དྲིལ་སྒྲོག་དང་སྐུལ་སྤེལ་བྱེད་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com