ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་སྐད་གཉིས་དགེ་འོས་གསོ་སྦྱོང་ཉམས་ཞིབ་ལྟེ་གནས་ལེགས་འགྲུབ་བྱུང་བ།
ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་སྐད་གཉིས་དགེ་འོས་གསོ་སྦྱོང་ཉམས་ཞིབ་ལྟེ་གནས་ལེགས་འགྲུབ་བྱུང་བ།
རྩོམ་པ་པོ།:དཔལ་མགོན་སྐྱབས།
ཡོང་ཁུངས།:བོད་མིའི་རིགས་གནས་དྲ་བ།
དུས་ཚོད།:2011-07-11 10:17:00
ཀློག་གྲངས།:
ཉེ་སྔོན་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་བོད་རྒྱ་དང་ཡུ་རྒྱ“སྐད་གཉིས”ཀྱི་དགེ་འོས་གསོ་སྦྱོང་ཉམས་ཞིབ་ལྟེ་གནས་འཛུགས་སྐྲུན་བྱས་ཚར་པ་མ་ཟད། ཞིབ་བཤེར་རྩིས་ལེན་ཡང་བྱས་ཚར། རྣམ་གྲངས་འདི་ལ་བསྡོམས་པས་སྒོར་ཁྲི200ལྷག་གི་མ་དངུལ་བཏང་བ་རེད།
ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་བོད་རྒྱ་དང་ཡུ་རྒྱ“སྐད་གཉིས”ཀྱི་དགེ་འོས་གསོ་སྦྱོང་ཉམས་ཞིབ་ལྟེ་གནས་ནི། 2010ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ས་ཁུལ་མཐོ་རིམ་སློབ་གྲྭས་ཆེད་གཉེར་རྣམ་གྲངས་ཀྱི་མ་དངུལ་ལ་བརྟེན་ནས་ཚན་རིག་ཞིབ་འཇུག་གི་སྟེགས་བུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཆེད་ལས་ནུས་པ་ལག་ལེན་བྱེད་སའི་གཞི་ས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ནང་གི་གཅིག་ཡིན།
འཛུགས་སྐྲུན་གྱི་དགོས་འདུན་ལྟར་ན། བསྡོམས་པས་ཨང་ཀིའི་རང་བཞིན་ཅན་གྱི་སྐད་བརྡ་སློབ་སྦྱོང་ཚོད་ལྟ་ཁང9བཞེངས་ཡོད། དེ་དག་རེ་རེ་ཡང་ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་སློབ་ཁང་ཐོག་རྩེག་དང་པོའི་ཤར་ཟུར་གྱི་བཞི་ཐོག་དང་། སློབ་ཁང་ཐོག་རྩེག་གསུམ་པའི་ལྔ་ཐོག་ཡིན། སློབ་ཁང་དེ་དག་ཏུ་བསྡོམས་པས་མི564ཙམ་ལ་དུས་གཅིག་ཏུ་སློབ་ཁྲིད་བྱས་ཆོག ཉམས་ཞིབ་ལྟེ་གནས་ནི་གཙོ་བོ་སྤྱི་པའི་དབྱིན་ཡིག་སློབ་ཁྲིད་བྱེད་ས་དང་། བོད་རྒྱ་དང་ཡུ་རྒྱ“སྐད་གཉིས”ཀྱི་དགེ་རྒན་གསོ་སྦྱོང་བྱེད་ས་ཡིན་པ་རེད།
ཉམས་ཞིབ་ལྟེ་གནས་འཛུགས་སྐྲུན་གྲུབ་པ་ཡིས། ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་སྐད་བརྡ་སློབ་སྦྱོང་ཚོད་ལྟ་ཁང་རྙིང་རལ་ཡིན་པ་དང་རྗེས་ལུས་ཡིན་པའི་རྣམ་པ་བསྒྱུར་ཐུབ་པ་དང་། ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་སྐད་བརྡ་སློབ་ཁྲིད་ལ་ཚོད་ལྟའི་ཁོར་ཡུག་ལེགས་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།