གྲངས་ཉུང་མི་རིགས་ཀྱི་རྨང་གཞིའི་སློབ་གསོ་སྲིད་ཇུས་གསོ་སྦྱོང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-13 08:42:00 ཀློག་གྲངས།:

            2011ལོའི་ཟླ7པའི་ཚེས11ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་སྒྲུབ་འགན་འཁུར་ཞིང་སློབ་གསོ་པུའུ་དང་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བཅས་ཀྱིས་སྒྲུབ་འགན་འཁུར་བ་དང་། མཚོ་སྔོན་སློབ་གསོ་ཐིང་དང་མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྨང་གཞིའི་སློབ་གསོའི་སྲིད་ཇུས་གསོ་སྦྱོང་བགྲོ་གླེང་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་ནས་གཟབ་རྒྱབ་ངང་ཚོགས། 
            མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ལས་གཞིའི་དཔོན་རིགས་པུས་ཟི་ཐ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ལས་གཞིའི་དཔོན་རིགས་བུད་མེད་བློ་མཐུན་ཧི་ཕེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གསོ་སློབ་གླིང་གི་གླིང་གཙོ་སྟེ་དགེ་རྒན་ཆེན་མོ་སུའུ་ཏི། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་མི་རིགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་སྲུང་མ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་རྨང་གཞིའི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མཱ་བེ་ཡེ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་རིག་གནས་དྲིལ་སྒྲོག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བདེ་མཚོ་སོགས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ཞུགས། 
            ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་དང་རྒྱལ་ཁབ་སློབ་གསོ་པུའུ། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཕྱི་ནང་གི་ཕུལ་དུ་བྱུང་བའི་མི་རིགས་སློབ་གསོའི་ཆེད་མཁས་པ་དང་མི་རིགས་སློབ་གསོའི་ལས་དོན་ལ་འབད་བཞིན་པའི་གཞི་རིམ་གྱི་དགེ་རྒན་རྣམས་ཀྱིས་མི་རིགས་སློབ་གསོའི་ཐད་མཉམ་དུ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་དང་བསམ་བློ་བརྗེ་རེས་བྱེད་པའི་བགྲོ་གླེང་ཚོགས་འདུ་ཞིག་ཡིན་ཞིང་།  ལས་གཞིའི་ཞིབ་འཇུག་གྲུབ་འབྲས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སློབ་གསོའི་བྱ་བ་དར་སྤེལ་བྱེད་པ་དང་མི་རིགས་སློབ་གསོའི་ཁྲོད་དུ་གནས་པའི་གནད་དོན་ལ་བགྲོ་གླེང་ཟབ་མོ་བྱེད་པ། འབྲེལ་ཡོད་སྲིད་ཇུས་གཏན་ལ་ཕབ་པ་བཅས་ཀྱི་ཐད་ལ་རྟོག་དཔྱོད་ཞིབ་འཇུག་གི་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།