གསེར་རྟ་རྫོང་མཐོ་སྒང་དབང་བོ་སྐྱོན་ཅན་གྱི་ཉི་འོད་ལག་རྩལ་སློབ་གྲྭའི2011ལོའི་སློབ་མ་བསྡུ་བའི་བརྡ་ཁྱབ།

རྩོམ་པ་པོ།:གཡུ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-15 08:57:00 ཀློག་གྲངས།:

            སྐུ་ཉིད་ཀྱིས་གསལ་བསྒྲགས་འདིར་གཟིགས་པ་ཐུགས་རྗེ་ཆེ་ཞུ་ལ།  གལ་ཏེ་ཁྱེད་ཀྱི་ཕ་ཡུལ་དང་ཁྱེད་ཀྱི་ངོ་ཤེས་ནང་དུ་ཤ་ཚ་བའི་བྱིས་པ་འདི་འདྲ་རེ་ཡོད་ན་ཆ་འཕྲིན་འདི་བཤད་རྒྱུ་མ་བརྗེད་ལགས།   དབང་པོ་སྐྱོན་ཅན་དུ་འགྱུར་བ་ནི་ཁོ་ཚོའི་ལས་དབང་ཞིག་ཡིན་ན་ཡང་སྲིད།  ཡིན་ཡང་སློབ་གྲྭ་འདི་ནས་ཁོ་ཚོའི་ཤེས་བྱ་ལ་བརྟེན་ནས་རང་གི་མི་ཚེ་འདི་ལ་འགྱུར་བ་གཏོང་ཆོག་པས།  ང་ཚོས་སློབ་གྲྭ་འདིའི་གཙོ་བདག་ལ་བཀའ་དྲིན་ཞུ་བ་དང་མཉམ་དུ་རང་ནུས་ཅི་ཡོད་ཀྱི་བྱ་བ་རེ་བསྒྲུབ་ཡ།  
            མཐོ་སྒང་གི་དབང་བོ་སྐྱོན་ཅན་གྱི་ཉི་འོད་ལག་རྩལ་སློབ་གྲྭ་ལ་གསེར་རྟ་རྫོང་མི་དམངས་སྲིད་གཞུང་དང་རྫོང་རིག་གནས་སློབ་གསོ་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་གནང་བ་བཞིན། 2007ལོའི་ཟླ9བར་དངོས་སུ་བཙུགས་ཤིང་། སློབ་གྲྭའི་སྤྱིའི་ས་ཁྱོན་ལ་སྨི་གྲུ་བཞི་མ3000ཡོད། མིག་སྔར་སློབ་ཁང་དང་དཔེ་མཛོད་ཁང་། ཟ་ཁང་། དགེ་སློབ་རྣམས་ཀྱི་ཉལ་ཁང་དང་གཞུང་སྒྲུབ་ཁང་སོགས་རྨང་གཞིའི་བཟོ་བཀོད་རྣམས་འཛུགས་སྐྲུན་བྱས་ཚར་ཡོད། སློབ་གྲྭས་ལོ་གསུམ་གྱི་སློབ་སྦྱོང་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། མིག་སྔར་སེམས་ཁམས་རིག་པ་དང་ཆོས་ལུགས་ཀྱི་རྨང་གཞིའི་ཤེས་བྱ། བོད་ཀྱི་སྲོལ་རྒྱུན་ཀུན་སྤྱོད་སོགས་ཀྱི་སློབ་ཚན་དང་། བོད་ཡིག་དང་རྒྱ་ཡིག   རྩིས་རིག་སོགས་རིག་གནས་སྐོར་གྱི་སློབ་ཚན་ཡོད་པ་མ་ཟད། རི་མོ་འབྲི་རྒྱུ་གཙོར་བྱས་པའི་ལག་ཤེས་བཟོ་རྩལ་སོགས་ཀྱི་སློབ་ཚན་ཡང་ཡོད་པ་རེད། སློབ་གྲྭས་རིན་མི་དགོས་པའི་ཉིན་གང་ལམ་ལུགས་ཀྱི་ཞག་སྡོད་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། སློབ་མས་སློབ་ཡོན་དང་ཟས་རིན། ཉལ་ཁང་གི་རིན་པ་སོགས་སྤྲོད་མི་དགོས་ཤིང་། དགེ་རྒན་རྣམས་ཀྱི་ཟས་རིན་དང་སྡོད་ཁང་གི་རིན་པ་ཐམས་ཅད་ཀྱང་སློབ་གྲྭས་སྟེར་བཞིན་ཡོད་པ་དང་། སློབ་མ་སློབ་གྲྭར་ཡོད་སྐབས་ན་བ་བྱུང་ཚེ་སློབ་གྲྭས་དེའི་གནས་ཚུལ་ལ་གཞིགས་ཏེ་སྨན་བཅོས་གསབ་དངུལ་འོས་འཚམ་རེ་སྟེར་རྒྱུ་རེད། འདིར་མིང་ཐོ་འགོད་རྒྱུ་དང་འབྲེལ་བའི་དོན་ཚན་རྣམས་བཀོད་ན་གཤམ་གསལ་ལྟར།
 གཅིག   བསྡུ་བྱའི་སློབ་མ།
            1 ནུབ་ཁུལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་སེམས་སྐྱོན་མེད་པའི་བྱིས་པ་སྟེ། མ་མཐའ་ཡང་མིག་ཡས་དང་ལག་ཡས་ཡོད་ཅིང་རི་མོ་འབྲི་ཐུབ་པའི་ལོ10ནས19བར་གྱི་མི་རིགས་སོ་སོའི་བྱིས་པ་དབང་བོ་སྐྱོན་ཅན།
            2 སློབ་གྲྭར་འོང་བའི་བྱིས་པར་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་གནང་བའི་དབང་བོ་སྐྱོན་ཅན་གྱི་དཔང་རྟགས་དང་། རྫོང་རིམ་པ་ཡན་གྱི་སྨན་ཁང་གིས་བརྟག་དཔྱད་བྱས་རྗེས་གནང་བའི་འགོས་ནད་མེད་པའི་དཔང་རྟགས་ཡོད་དགོས།
            3 ཁྱིམ་ཐོ་ཡོད་གནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡིན་པའི་བྱིས་པ་ལོ་ཚོད་འཚམ་པ་རྣམས་དམིགས་བསལ་གྱིས་སྔོན་ལ་བསྡུས་ཆོག
གཉིས། མིང་ཐོ་འགོད་པའི་དོན་ཚན་ཁག
            1 མིང་ཐོ་འགོད་པའི་དུས་ཚོད།  2011ལོའི་ཟླ7པའི་ཚེས15—ཟླ8པའི་ཚེས25བར།
            2 མིང་ཐོ་འགོད་གནས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གི་བཅིངས་འགྲོལ་ལམ་གྱི་མཐོ་སྒང་གི་དབང་བོ་སྐྱོན་ཅན་གྱི་ཉི་འོད་ལག་རྩལ་སློབ་གྲྭ།
            3 མིང་ཐོ་འགོད་རིམ།
            (1)ཁྱིམ་བདག་ གིས(ལྟ་སྐྱོང་པ) ཁ་པར་གྱི་ལམ་ནས་འགན་ཁུར་དགེ་རྒན་ལ་འབྲེལ་གཏུགས་བྱས་ཏེ། སློབ་གྲྭར་ཡོང་མཁན་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་འབྲེལ་ཡོད་གནས་ཚུལ་ཞིབ་མོར་བཤད་ནས་གནས་ཚུལ་གསལ་འགོད་བྱེད་པ།
            (2སློབ་གྲྭས་མིང་ཐོ་འགོད་མཁན་གྱི་བྱིས་པ་ཡོད་སའི་གནས་ཡུལ་ལ་གཞིགས་ཏེ། ཁ་རྒྱུགས་ལེན་པའི་ས་གནས་དང་དུས་ཚོད་གཏན་འཁེལ་བྱེད་པ་དང་། སློབ་གྲྭའི་སློབ་མ་བསྡུ་མཁན་རྣམས་གཏན་འཁེལ་བྱས་པའི་ས་གནས་སུ་ཕྱིན་ནས་བྱིས་པ་ཚོར་ཁ་རྒྱུགས་ལེན་དགོས།
            (3)ཁ་རྒྱུགས་འཕྲོད་རྗེས། སློབ་གྲྭར་བསྡུས་པའི་བྱིས་པ་དབང་བོ་སྐྱོན་ཅན་རྣམས་ཁྱིམ་བདག(ལྟ་སྐྱོང་པ)གིས་ཁྲིད་དེ་ཁྱིམ་ཐོ་དང་འདྲ་པར་ཚུན་གཅིག་ཅན་གཉིས་ཁྱེར་ནས་སློབ་གྲྭར་ཡོང་སྟེ་མིང་ཐོ་འགོད་དགོས།
            4 སློབ་མ་བསྡུ་ཚད།   སློབ་མ30ནས50བར།
            5 འབྲེལ་གཏུགས་བྱ་ཡུལ། དགེ་རྒན་བྱང་ཆུབ། དགེ་རྒན་སངས་རྒྱས་བཀྲ་ཤིས།
            6 འབྲེལ་གཏུགས་ཁ་པར།   13558516353,18783661680
            བྱ་བའིqq:972811964
            7 སློབ་གྲྭའི་དྲ་ཚིགས།
            སློབ་མའི་ཁྱིམ་བདག་རྣམ་པ་དང་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་རྣམས་ངེད་སློབ་གྲྭར་གཟིགས་མོར་ཕེབས་པར་དགའ་བསུ་ཞུ།
            སློབ་གྲྭ་འདིར་ཡོང་བའི་ཆ་རྐྱེན་དང་འཚམ་པའི་མི་རིགས་སོ་སོའི་བྱིས་པ་དབང་བོ་སྐྱོན་ཅན་རྣམས་ངེད་སློབ་གྲྭར་སློབ་སྦྱོང་བྱེད་དུ་འོང་བར་དགའ་བསུ་ཞུ་ལ། ང་ཚོས་སྤྲོ་སེམས་འཁོལ་བའི་ངང་ཁྱེད་ལ་ཞབས་ཞུ་ལེགས་པོ་སྒྲུབ་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།