ཁ་བ་དཀར་པོ་རིག་གནས་ཁང་གིས་ཡུན་ནན་བདེ་ཆེན་རྫོང་ནས་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-07-25 10:19:00 ཀློག་གྲངས།:

             ཁ་བ་དཀར་པོ་རིག་གནས་ཁང་གི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ7པའི་ཚེས25ཉིན་ནས་བཟུང་། ཁ་བ་དཀར་པོ་རིག་གནས་ཁང་གིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ནས་རིན་མི་བསྡུ་བར་དུས་ཡུན་ཉིན20ནང་བོད་ཡིག་གསོ་སྦྱོང་འཛིན་གྲྭ་ཞིག་བསྒྲུབ་རྒྱུ་ཡིན་པ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་མི་ཚང་མས་མིང་ཐོ་བཀོད་ཆོག་ཟེར།
             1999ལོ་ནས་བཟུང་། ཁ་བ་དཀར་པོ་རིག་གནས་ཁང་གིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དུ་བོད་ཡིག་རྨང་གཞིའི་ཤེས་བྱ་སྦྱོང་བའི་གསོ་སྦྱོང་ཐེངས15བསྡུས་པ་དང་། གསོ་སྦྱོང་བྱ་བ་སྤེལ་བ་བརྒྱུད་དེ་ཁ་བ་དཀར་པོ་ས་ཁུལ་གྱི་མི་རིགས་དམངས་ཁྲོད་རིག་གནས་དར་སྤེལ་དང་རྒྱུད་འཛིན་བྱེད་པ་དང་། སྤྱི་ཚོགས་འཆམ་མཐུན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་ཡར་སྐུལ་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།