བོད་ལྗོངས་བློ་བཟང་རྩིས་འཁོར་གསོ་སྦྱོང་སློབ་གྲྭས་བོད་ཡིག་ཆ་འཕྲིན་ལག་རྩལ་འཛིན་གྲྭ་བསྡུ་བཞིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-27 11:42:00 ཀློག་གྲངས།:

             བོད་ལྗོངས་བློ་བཟང་རྩིས་འཁོར་གསོ་སྦྱོང་སློབ་གྲྭས་བོད་ཡིག་ཆ་འཕྲིན་ལག་རྩལ་འཛིན་གྲྭ་བསྡུ་རྒྱ་ཡིན་ཞིང་།  གསོ་སྦྱོང་བསླབ་བྱ་ནི་དམའ་རིམ་འཛིན་གྲྭ་དང་འབྲིང་རིམ་འཛིན་གྲྭ་གཉིས་སུ་བཀར་ཡོད་དེ།  དམའ་རིམ་འཛིན་གྲྭརofficeགཞུང་སྒྲུབ་རང་འགུལ་ཅན(བོད་རྒྱ་སྐད་ཡིག)དང་།  འབྲིང་རིམ་འཛིན་གྲྭར་རྩིས་འཁོར་བསྐྱར་བཅོས་དང་ལྷུ་སྒྲིག     པར་ངོས་ཇུས་འགོད(བོད་རྒྱ་སྐད་ཡིག)།   སྨྱན་མང་ལག་རྩལ།   PHOTOSHOPསོགས་ཁྲིད་རྒྱུ་རེད།  
             རྒྱུས་ལོན་བྱས་པ་ལྟར་ན། 2011ལོའི་ཟླ7ཚེས25ནས་མིང་ཐོ་འགོད་པ་དང་ཟླ8ཚེས5ནས་དངོས་སུ་སློབ་ཁྲིད་བྱེད་རྒྱུ་ཡིན་པ་དང་།       བོད་ལྗོངས་གྲོང་རྡལ་ལས་ཤོར་མི་སྣ(ལས་ཤོར་ལག་འཁྱེར་དང་ཐོབ་ཐང་ལག་འཁྱེར་འཛིན་དགོས)དང་།   བོད་ལྗོངས་ལས་མེད་མཐར་ཕྱིན་སློབ་ཆེན་པ(མཐར་ཕྱིན་ལག་འཁྱེར་དང་ཐོབ་ཐང་ལག་འཁྱེར་འཛིན་དགོས)།   བོད་ལྗོངས་རོང་འབྲོག་པ(ཁྱིམ་ཐོ་ལག་འཁྱེར་དང་ཐོབ་ཐང་ལག་འཁྱེར་འཛིན་དགོས)བཅས་ལ་སློབ་རིན་ལེན་རྒྱུ་མ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།