གནས་རི་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཞི་བ་འབྲུག་ནས་ཚོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-27 15:21:00 ཀློག་གྲངས།:

 
བགྲོ་གླེང་ཚོགས་འདུའི་ཟུར་ཞིག

  ཉེ་ལམ། འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་སྐད་ཡིག་དང་རིག་གནས་སློབ་གླིང་གིས་གཙོ་གཉེར་བྱས་པའི་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་གནས་རི་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཞི་བ་འབྲུག་གི་རྒྱལ་ས་ཐེམ་ཕུག་ནས་ཚོགས།
  ཐེངས་འདིའི་ཚོགས་འདུ་རུ་རྒྱལ་ཁབ་ཞེ་བཞི་ནས་ཡོང་བའི་གནས་རི་ཞིབ་འཇུག་སྐོར་གྱི་ཆེད་མཁས་པ་ཉིས་བརྒྱ་ལྷག་ཡོད་ལ། དེའི་ཁྲོད་ཕྱིའི་རྒྱལ་ཁབ་ཀྱི་བོད་རིག་པའི་ཆེད་མཁས་པ་ཧྥ་རེན་སིའི་ཤར་ཕྱོགས་སྐད་ཡིག་དང་རིག་གཞུང་སློབ་གླིང་ཆེན་མོའི་སློབ་དཔོན་ཆེན་མོ་བདེ་སྦྱིན་བཟང་མོ(Heather Stoddard)ལགས་དང་། ཝར་ཇེ་ཉེ་ཡ་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཚན་ཁག་གི་སློབ་དཔོན་ཆེན་མོ་ཁེར་ཐེ་སི་ཧྲེ་ཧྥར(Kurtis Schaeffer)ལགས། ཡེའོ་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཚན་ཁག་གི་སློབ་དཔོན་ཆེན་མོ་ཨན་གྲོ་ཁོན་ཐི་མེན(Andrew Quintman)ལགས། རྒྱལ་ནང་གི་བོད་རིག་པའི་ཆེད་མཁས་པ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཞོན་པ་རྭ་ཡུམ་སྐྱབས་ལགས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པ་གཡང་མོ་མཚོ་སོགས་ཞུགས་འདུག



ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་
རྭ་ཡུམ་སྐྱབས་ལགས་ཀྱིས་བགྲོ་གླེང་བྱེད་བཞིན་པ། 
 


ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས།(གཡས་ཀྱི་དང་པོ)
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་གཡང་མོ་མཚོ་ལགས།(གཡས་ཀྱི་གཉིས་པ)

  ཚོགས་འདུ་འདིས་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རིག་གནས་ཁྱབ་ཁོངས་སུ་ཡོད་པའི་གནས་རི་དག་ལ་བགྲོ་གླེང་བྱེད་པ་ཡིན་ཞིང་། དེའི་ཁྲོད་བོད་ཀྱི་གནས་རི་སྐོར་ལ་ཞིབ་འཇུག་དང་བགྲོ་གླེང་རྒྱ་ཆེན་པོ་བྱས་པ་སྟེ། ཨན་གྲོ་ཁོན་ཐི་མེན(Andrew Quintman)ལགས་ཀྱིས་ཇོ་ནང་བའི་ཡིག་ཆ་ལས་ཐོན་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར་སྐོར་དང་། གྲོ་ན་ཀི་རེ་ལ(Joanna Grela)ལགས་ཀྱིས་ཨ་མདོའི་གནས་རི་ལས་འཕྲོས་པའི་ཡུལ་ལྷ་གཞི་བདག་གི་སྣང་བརྙན་སྐོར། ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་གནས་རི་དང་འབྲེལ་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐོར། རྭ་ཡུམ་སྐྱབས་ལགས་ཀྱིས་བོད་ཀྱི་གནས་རི་དང་འབྲེལ་བའི་ཆོ་ག་དང་བསང་ཡིག་གི་སྐོར། གཡང་མོ་མཚོ་ལགས་ཀྱིས་གཉའ་ཁྲི་བཙན་པོའི་ལོ་རྒྱུས་དང་འབྲེལ་ནས་ལྷ་རི་གྱང་ཐོ་དང་ཡར་ལྷ་ཤམ་པོའི་སྐོར་སོགས་ལ་དཔྱད་པ་ལྷུག་པོར་བཏང་།
  ཐེངས་འདིའི་ཨེ་ཤེ་ཡའི་གནས་རི་སྐོར་གྱི་བགྲོ་གླེང་ཐོག་རྒྱལ་ཁབ་སོ་སོའི་སྐྱེ་ཁམས་དང་། ཆོས་ལུགས། དམངས་སྲོལ། སྒྱུ་རྩལ་སོགས་ཀྱི་ཐད་ལ་གནད་དུ་ཐིངས་པའི་ལྟ་བ་བརྗོད་པ་དང་། ཚོགས་འདུ་འདིས་ཨེ་ཤེ་ཡའི་གནས་རི་སྐོར་བརྗོད་དོན་དུ་བྱས་པས་རིག་གཞུང་གི་རིན་ཐང་དོད་པོ་ལྡན་པའི་ཁར། གནས་རི་མཆོད་པ་སོགས་སྲོལ་རྒྱུན་རིག་གནས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་མཐུན་རྐྱེན་བསྐྲུན་པའི་དོན་སྙིང་ཡང་མངོན་པར་མཚོན་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།