མཚོ་ལྷོ་ཁུལ་མང་རྫོང་གི་སྡེ་བ་སོ་སོར“རོང་འབྲོག་ཁྱིམ་དཔེ་ཁང”ཡོད་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-08-03 09:02:00 ཀློག་གྲངས།:

            ད་ལོའི་ལོ་སྟོད་ལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གིས་སྔར་ཡོད་ཀྱི་རོང་འབྲོག་ཁྱིམ་དཔེ་ཁང20འཛུགས་སྐྲུན་བྱས་ཡོད་པའི་རྨང་གཞིའི་སྟེང་དུ། ཧུར་བརྩོན་གྱིས་རོང་འབྲོག་ཁྱིམ་དཔེ་ཁང56གི་སྒྲིག་ཆས་བརྩོན་ལེན་དང་རྩིས་སྤྲོད་བྱས་ཏེ། རྫོང་ཡོངས་ཀྱི་སྡེ་བ་རེ་རེར་རོང་འབྲོག་ཁྱིམ་དཔེ་ཁང་ཡོད་པའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། དེ་རོང་འབྲོག་པས་དེང་རབས་ཚན་རྩལ་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པའི་སྟེགས་བུར་གྱུར།
            མིག་སྔར། རྫོང་ཡོངས་ཀྱི་སྡེ་བ་རིམ་པའི་རོང་འབྲོག་ཁྱིམ་དཔེ་ཁང76ལ་རིགས་སོ་སོའི་དཔེ་དེབ་ཁྲི3དང་སྒྲ་བརྙན་ཐོན་རྫས་ཁྲི1.95། དཔེ་སྒྲོམ292། ཚགས་དེབ་སྒྲོམ་སྟེགས76བཅས་ཡོད་ལ། ཚགས་པར་དང་དུས་དེབ་རིགས10ལྷག་ཉོ་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།