སློབ་གསོ་པུའུ་ཡིས་སློབ་གྲྭ་འབྲིང་ཆུང་སློབ་མར་ཉིན་རེར་དུས་གཅིག་གི་ལུས་རྩལ་བྱ་འགུལ་སྤེལ་པའི་རེ་བ་བཏོན།

རྩོམ་པ་པོ།:ཀླུ་འབུམ་བྱམས། ཡོང་ཁུངས།:ཞིན་ཧྭ་གསར་འགྱུར་དྲ་བ། དུས་ཚོད།:2011-08-04 11:21:00 ཀློག་གྲངས།:

            སློབ་གསོ་པུའུ་ཡིས་ཟླ8ཚེས2ཉིན།  སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཉིན་རེར་དུས་ཚོད་གཅིག་གི་སློབ་རའི་ལུས་རྩལ་བྱ་འགུལ་སྤེལ་བར་ངེས་པ་དོན་གྱིས་ཁག་ཐེག་བྱེད་དགོས་པའི་གཏན་ཁེལ་ཁྱབ་བསྒྲགས་བྱས་ཏེ། རིམ་པ་ཁག་གི་སློབ་གསོ་སྡེ་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཉིན་རེར་དུས་ཚོད་གཅིག་གི་སློབ་རའི་ལུས་རྩལ་བྱ་འགུལ་སྤེལ་བར་ཁག་ཐེག་བྱེད་པའི་ཚན་རིག་དཔྱད་འཇོག་ལམ་ལུགས་འཛུགས་པ་དང་། གཏན་ཁེལ་དེ་ནན་ཏན་གྱིས་ལག་བསྟར་མི་བྱེད་མཁན་སྔོན་ཐོན་དང་ཕུལ་བྱུང་འདེམ་པའི་བྱ་འགུལ་སྣ་ཚོགས་ལ་ཞུགས་མི་ཆོག་པའི་རེ་བ་བཏོན།
            གཏན་ཁེལ་ལས་ས་གནས་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་རང་སའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། རྩ་འཛུགས་དང་མགོ་ཁྲིད། ཚན་རིག་ལྟར་དོ་དམ། དཔྱད་འཇོག་དཔྱད་ཞིབ། ཆ་རྐྱེན་འགན་སྲུང་སོགས་ཀྱི་ཕྱོགས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཉིན་རེར་དུས་ཚོད་གཅིག་གི་སློབ་རའི་ལུས་རྩལ་བྱ་འགུལ་སྤེལ་བར་ཁག་ཐེག་བྱེད་པའི་ཐད་ལ་དམིགས་ཡུལ་གསལ་བོ་འདོན་རྒྱུ་དང་། ཇུས་གཞི་ཞིབ་རྒྱས་གཏན་འབེབས་བྱས་ཏེ། གཏན་ཁེལ་དེ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།
            གཏན་ཁེལ་ལས་སློབ་གྲྭ་འབྲིང་ཆུང་གིས་རྒྱལ་ཁབ་ཀྱི་སློབ་ཐུན་ཚད་གཞི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། སློབ་ཆུང་གི་ལོ་རིམ་དང་པོ་དང་གཉིས་པ་ལ་གཟའ་འཁོར་རེར་ལུས་རྩལ་སློབ་ཐུན་བཞི་དང་། ལོ་རིམ་གསུམ་པ་ནས་དྲུག་པའི་བར་ལ་གཟའ་འཁོར་རེར་ལུས་རྩལ་སློབ་ཐུན་གསུམ་རེ། མཐོ་འབྲིང་ལ་གཟའ་འཁོར་རེར་ལུས་རྩལ་སློབ་ཐུན་གཉིས་བཀོད་སྒྲིག་བྱེད་རྒྱུ་དང་། ལུས་རྩལ་སློབ་ཐུན་མེད་པའི་ཉིན་དེར། སློབ་གྲྭས་སློབ་ཐུན་གྲོལ་རྗེས་ངེས་པར་དུ་སློབ་མ་རྩ་འཛུགས་བྱས་ཏེ་དུས་ཚོད་གཅིག་ལ་ལུས་རྩལ་སྦྱོང་བརྡར་བྱེད་དགོས་པ་གསལ་བོར་གཏན་ལ་ཕབ་ཡོད། གཏན་ཁེལ་ལས་ད་དུང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཉིན་རེར་དུས་ཚོད་གཅིག་གི་སློབ་རའི་ལུས་རྩལ་བྱ་འགུལ་སྤེལ་བར་ཁག་ཐེག་བྱེད་པའི་བྱ་དགའ་སྟེར་བ་དང་འགན་འཁྲི་རྩད་གཅོད་པའི་ལམ་ལུགས་འཛུགས་དགོས་ཞེས་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།