གྲངས་ཉུང་མི་རིགས་སློབ་ཆེན་སློབ་མའི་དབྱར་ཁའི་གུང་གསེང་སྐབས་ཀྱི་དངོས་སྦྱོང་འཆར་གཞི་འགོ་ཚུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད།:2011-08-06 08:51:00 ཀློག་གྲངས།:

             གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་གཉེར་བའི“2011ལོའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སློབ་ཆེན་སློབ་མའི་དབྱར་ཁའི་གུང་གསེང་སྐབས་ཀྱི་དངོས་སྦྱོང་འཆར་གཞི”དེ་ཉེ་ཆར་པེ་ཅིང་དུ་སྤེལ་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་མི་རིགས་སློབ་གྲྭ11ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་སློབ་ཆེན་སློབ་མ70ལྷག་དངོས་སྦྱོང་ནང་ཞུགས་ཡོད་པ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན། དངོས་སྦྱོང་ལས་གནས་ནི་ཀྲུང་གོ་ཚན་རིག་ལག་རྩལ་ཁང་དང་། ཀྲུང་གོ་རྒྱལ་ཁབ་དཔེ་མཛོད་ཁང་། པེ་ཅིང་དངུལ་ཁང་། ཀྲུང་གོ་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཁེ་ལས་དང་བྱ་གཞག་ཚན་པ16གིས་མཁོ་འདོན་བྱས་པ་ཞིག་ཡིན་ཞིང་། དངོས་སྦྱོང་བྱེད་སྒོའི་ནང་གསོ་སྦྱོང་ཐད་ཀྱི་སྤེལ་རེས་དང་། ལས་གནས་དངོས་སྦྱོང་། ལྟ་སྐོར་དང་བཅར་འདྲི། CEOབཞུགས་མོལ། སྤེལ་རེས་ཕྱོགས་སྡོམ་སོགས་ནང་དོན་ཚུད་ཡོད་པ་དང་བྱེད་སྒོ་དེ་ཟླ8པའི་ཚེས21ཉིན་མཇུག་འགྲིལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།