མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དཔྱད་མོལ་ཚོགས་འདུ་མགོ་ལོག་ནས་ཚོགས་པ།
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དཔྱད་མོལ་ཚོགས་འདུ་མགོ་ལོག་ནས་ཚོགས་པ།
ཟླ8པའི་ཚེས8ནས10བར། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དཔྱད་མོལ་ཚོགས་འདུ་མགོ་ལོག་ནས་ཚོགས་ཤིང་། རྒྱལ་ཁབ་ལོ་ཙཱ་ཅུས་དང་ཀྲུང་གོ་བོད་ཡིག་ཞིབ་འཇུག་ཚོགས་པ། ཞིང་ཆེན་དམངས་ཨུ། ཞིང་ཆེན་རིག་གནས་ལྷན་ཚོགས་སོགས་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་འབྲེལ་ཡོད་ཀྱི་དབུ་ཁྲིད་དང་ཆེད་མཁས། ཡོན་ཏན་པ་སོགས་གང་མང་ཞིག་ཚོགས་འདུ་ལ་ཞུགས་པ་རེད།
མགོ་ལོག་ཁུལ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་གཙོ་གཞོན་པ་རིན་ཆེན་ཚེ་དབང་གིས་ཚོགས་འདུ་ལ་འགོ་འཛིན་བྱས་ཤིང་། ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གི་གཙོ་འགན་གཞོན་པའམ་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་གཉན་རྡོ་རྗེ། ཞིང་ཆེན་དམངས་ཨུའི་གཙོ་འགན་ལི་དབང་ཕྱུག་སོགས་ཀྱིས་རེ་རེ་བཞིན་གསུང་བཤད་གནང་བ་སྟེ། ཉེ་ལམ་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་བྱ་བའི་གནས་ཚུལ་ལ་ཕྱོགས་སྡོམ་བྱས་པ་དང་། སྐབས་འཕྲད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་བགྲོ་གླེང་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་མི་རིགས་སྐད་ཡིག་བྱ་བ་ལ་བྱེ་བྲག་གིས་རེ་འདོན་བཏོན།
ཚོགས་འདུར་ད་དུང་ཞིང་ཆེན་ཡོངས་ཀྱི་ལོ་ཙཱའི་རིག་གཞུང་ཕུལ་བྱུང་དཔྱད་རྩོམ་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་དང་མགོ་ལོག་ཁུལ་ལས་ཁུངས་སོ་སོའི་ལས་བྱེད་མི་སྣའི་བོད་ཡིག་སློབ་སྦྱོང་གི་སྔོན་ཐོན་ལས་ཁུངས་དང་མི་སྒེར་བཅས་ལ་བྱ་དགའི་གཟེངས་སྟོད་བྱས། ཚོགས་ཞུགས་མི་སྣ་རྩ་འཛུགས་བྱས་ཏེ་མགོ་ལོག་གནའ་རྩོམ་སྲུང་སྐྱོང་ལྟེ་གནས་དང་མགོ་ལོག་མི་རིགས་སྐད་ཡིག་བྱ་བའི་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་སྐོར་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com