《བོད་རིགས་སྲོལ་རྒྱུན་ལག་བཟོ་ཚིག་མཛོད》ཉེ་སྔོན་ལྷ་ས་ནས་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-15 11:04:00 ཀློག་གྲངས།:

             ཟླ8ཚེས11ཉིན་གྱི་ཕྱི་དྲོ།  《མཁར་གྲོང་ས་གནས་ཡུལ་རབས》དང 《བོད་རིགས་སྲོལ་རྒྱུན་ལག་བཟོ་ཚིག་མཛོད》འགྲེམ་སྤེལ་བྱེད་པའི་མཛད་སྒོ་ལྷ་ས་ནས་བསྡུས་པ་རེད།  བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུའམ་ལྗོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་གཙོ་ཆི་དགྲ་ལྷ་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་འགྲེལ་སྤེལ་མཛད་སྒོ་ལ་ཞུགས་པ་མ་ཟད་འབྲེལ་ཡོད་ལས་ཁུངས་ལ་དཔེ་ཆ་ཕུལ་པ་རེད།  
             རྒྱུས་ལོན་བྱས་པ་ལྟར་ན།  《མཁར་གྲོང་ས་གནས་ཡུལ་རབས》ཞེས་པའི་རྩོམ་སྒྲིག་བྱ་བ་དེ2001ལོར་འགོ་བརྩམས་པ་ནས་བཟུང་།   འབྲེལ་ཡོད་ལས་ཁུངས་སོ་སོའི་རྒྱབ་སྐྱོར་དང་།   ལྷ་ས་གྲོང་ཁྱེར་འབྲེལ་ཡོད་ལས་ཁུངས་སོ་སོའི་བརྩོན་པ་ཆེར་བསྐྱེད་བྱས་པའི་འོག      འབྲེལ་ཡོད་ཆེད་མཁས་པ་དང་ཕྱོགས་སོ་སོའི་ས་གནས་ཡུལ་རབས་ལས་སྒྲུབ་པ་རྣམས་ཀྱི་ལོ་བཅུ་ལ་དཀའ་སྤྱད་བྱས་པ་བརྒྱུད་རྩོམ་སྒྲིག་བྱ་བ་བདེ་བླག་ངང་ཡོངས་སུ་མཇུག་སྒྲིལ་པ་རེད།  
             《མཁར་གྲོང་ས་གནས་ཡུལ་རབས》སུ་མཁར་གྲོང་གི་ལོ་རྒྱུས་སྟེང་ཐོག་དང་པོར་བསམ་བློ་རང་བཞིན་དང་།  ཚན་རིག་རང་བཞིན།   ཡིག་ཆའི་རང་བཞིན་སྦྲགས་མར་མཚོན་པའི་སྤྱི་ཚོགས་རང་ལུགས་ཀྱི་ཡུལ་རབས་གསར་བ་ཞིག་དང་།  ཆེས་ཞིབ་ཚགས་ཀྱི་སྒོ་ནས་མཁར་གྲོང་གི་རང་བྱུང་དང་།  སྤྱི་ཚོགས་ཀྱི་ལོ་རྒྱུས་དང་གནས་བབ་ཞིབ་བརྗོད་བྱས་ཡོད་ཅིང་། དངོས་ཡོད་དང་མཐུན་པའི་སྒོ་ནས་ཡེ་གེར་བཀོད་པའི་མཁར་གྲོང་མི་རིགས་སོ་སོའི་དཀའ་ཁག་གི་འཚོ་བ་དང་།  མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ངལ་བ་དཔག་མེད་མྱངས་བའི་གསར་གཏོད་རང་བཞིན་གྱི་ལོ་རྒྱུས་ཞབས་རྗེས་སོགས་ཇི་བཞིན་དུ་བརྗོད་པ་འདིས།   མཁར་གྲོང་དུ་ས་གནས་ཡུལ་རབས་མེད་པའི་སྟོང་ཆ་བསྐང་ལ།   ཕྱི་ཕྱོགས་ཀྱིས་ས་འདིའི་མཁར་གྲོང་ལ་རྒྱུས་ལོན་དང་ཞིབ་འཇུག    སྔོག་འདོན་བྱེད་པར་མ་དངུལ་གཏོང་བ་སོགས་ཀྱི་ཐད་ལ་དགེ་མཚན་ཆེན་པོ་ལྡན་པ་རེད།  
             《བོད་རིགས་སྲོལ་རྒྱུན་ལག་བཟོ་ཚིག་མཛོད》ནི་བོད་རིགས་སྲོལ་རྒྱུན་ལག་བཟོ་སྒྱུ་རྩལ་འཕེལ་རྒྱས་ཀྱི་གནས་ཚུལ་བརྗོད་པའི་དཔེ་ཆ་ཞིག་ཡིན་ཏེ།  ཡི་གེ་དང་པར་རིས་ཟུང་འབྲེལ་སྒོས་བོད་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་རྣམ་པ་ཡོངས་སུ་མཚོན་པར་བྱེད་ཅིང་།  རྩོམ་སྒྲིག་དང་པར་སྐྲུན་བྱས་པ་འདི་ལས་མི་རིགས་ལག་ཤེས་བཟོ་ལས་སྒྱུ་རྩལ་ལ་ཡང་བསྐྱར་རྒྱུས་ལོན་དང་སྤྱི་བསྡོམས་བྱེད་པ་ཁོ་ན་མ་ཡིན་པར།  ལག་ཤེས་བཟོ་ལས་རང་སྟེང་དུ་གནས་པའི་སྲུང་སྐྱོང་རང་བཞིན་གྱི་སྔོག་འདོན་དང་ལེགས་སྒྲིག་ཐེངས་ཤིག་ཡིན་ཞིང་།  བོད་མི་རིགས་ཀྱི་སྤྱི་ཚོགས་རིག་པ་དང་རིག་གནས་རིག་པ། ལོ་རྒྱུས་རིག་པ།   དེ་མིན་སྒྱུ་རྩལ་དང་རྩོམ་རིག    དཔལ་འབྱོར་སོགས་རིག་ཚན་མང་པོར་ཞིབ་འཇུག་བྱེད་པར་ཅུང་ཆ་ཚང་བའི་ལོ་རྒྱུས་རྒྱུ་ཆའི་ཁུངས་ཤིག་སྩལ་ཡོད་པ་རེད།  
             《མཁར་གྲོང་ས་གནས་ཡུལ་རབས》དང《བོད་རིགས་སྲོལ་རྒྱུན་ལག་བཟོ་ཚིག་མཛོད》གཉིས་པར་སྐྲུན་འགྲེམ་སྤེལ་བྱས་པ་འདིས་མཁར་གྲོང་གི་ས་གནས་ཡུལ་རབས་ཀྱི་འཕེལ་རྒྱས་དང་།  བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་བར་དོན་སྙིང་ཆེན་པོ་ལྡན་པ་ཡིན།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།